རུལ་བཏུབ་དང་ མ་བཏུབ་པའི་ཕྱགས་སྙིགས་ སླ་བསྲེས་རྐྱབ་སྟེ་ བཀོག་མི་ཚུ།

ཀྲོང་གསར་ཁྲོམ་ནང་ ཕྱགས་སྙིགས་ཕྱི་སེལ་རྐྱབ་ནི་ ཕར་འགྱངས་འབད་ཡོདཔ།

༉ ཀྲོང་གསར་ཁྲོམ་སྡེ་གིས་ སྤྱི་ཟླ་༩ པའི་ཚེས་༡ ལས་ ཐབ་ཚང་ནང་ལས་ཐོན་མི་ ཕྱགས་སྙིགས་མེན་མི་རྐྱངམ་གཅིག་ བསྡུ་ལེན་འབད་ནི་ཨིན་པས།
ད་ལྟོ་ཚུན་ ཕྱགས་སྙིགས་ཕྱི་སེལ་འབད་ནི་ འགོ་བཙུགས་ནིའི་ དུས་ཡུན་ཐེངས་༣ ངོས་འཛིན་འབད་ཡོདཔ་ད་ ཧེ་མ་ཚར་གཅིག་ འགོ་བཙུགས་པའི་ཤུལ་ལས་ ལེགས་ཤོམ་འགྱོ་མ་བཏུབ་ནི་དེ་གིས་ འདས་པའི་ཟླཝ་ནང་ འགོ་བཙུགས་ནི་འབད་རུང་ ལག་ལེན་འཐབ་མ་ཚུགསཔ་ལས་བརྟེན་ ཁྲོམ་སྡེའི་ཁ་ཐུག་ལས་ སྤྱི་ཟླ་༨ པའི་ནང་ ལོག་འགོ་བཙུགས་ནི་སྦེ་ བཟོ་ཡོདཔ་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ པདྨ་བཟང་མོ་གིས་ སླབ་མིའི་ནང་ ཕྱགས་སྙིགས་སྐམ་རྐྱངམ་གཅིག་ ཁྲོམ་སྡེའི་ཁ་ཐུག་ལས་ བསྡུ་ལེན་འབད་ནི་ཟེར་ཨིནམ་ད་ ཐབ་ཚང་ནང་ལས་ཐོན་མི་ ཕྱགས་སྙིགས་ཚུ་ རང་སོའི་ཁ་ཐུག་ལས་ འཛིན་སྐྱོང་འབད་དགོ་ཟེར་ཨིན་པས།
ད་ལྟོ་ མི་ཚུ་གིས་ ཕྱགས་སྙིགས་ག་ར་ བསླ་བསྲེས་རྐྱབ་སྟེ་བཀོག་དོ་ཡོདཔ་ལས་ ཆུ་མཇུག་སྤང་ལུ་ཡོད་པའི་ ཕྱགས་སྙིགས་བཀོག་ས་དེ་ གང་དོ་ཡོད་པའི་ཁར་ ཕྱགས་སྙིགས་ཕྱི་སེལ་རྐྱབ་མི་ཚུ་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
འདས་པའི་ཟླཝ་ནང་ རྫོང་ཁག་དང་ འབྲེལ་ཡོད་ལས་འཛིན་ཁག་དང་ ཁྲོམ་གྱི་མི་སེར་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ རྫོང་བདག་གིས་ ཕྱགས་སྙིགས་ཕྱི་སེལ་རྐྱབ་ནི་དེ་ དེ་འཕྲོ་ལས་ འགོ་བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ སྤྱི་ཟླ་༦ པའི་ནང་ རྩིས་ལོ་མཇུག་བསྡུ་ནིའི་ལཱ་ལུ་བརྟེན་ དང་ལེན་འབད་མ་ཚུགསཔ་སྦེ་ཨིན་པས།
རྫོང་ཁག་བདག་སྐྱོང་གི་ ཁྲོམ་སྡེ་ལུ་ ཐབ་ཚང་ནང་ལས་ཐོན་མི་ ཕྱགས་སྙིགས་བསྡུ་ལེན་འབད་ཞིནམ་ལས་ བཀོག་སའི་ས་གོ་ངོས་འཛིན་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ད་ལྟོ་ ངོས་འཛིན་འབད་མ་ཚུགས་པར་ཡོདཔ་ཨིན་པས།
ཁྲོམ་སྡེའི་འཐུས་མི་ ཀརྨ་ལས་འཕྲོ་གིས་ སླབ་མིའི་ནང་ མི་ཚུ་གི་ རང་གི་ཉེ་འདབས་ལུ་ ས་དོང་བརྐོ་སྟེ་ ཐབ་ཚང་ནང་ལས་ཐོན་མི་ ཕྱགས་སྙིགས་བཀོག་ས་བཟོ་ནི་དང་ ཁྲོམ་སྡེ་གི་ དོང་བརྐོ་བྱིན་ནི་དེ་གི་ ཉེ་འདབས་ལུ་ དྲིམ་བསྣམ་ནི་དང་ སྤྱ་ཁྱི་དང་རོ་ཁྱི་ཚུ་གིས་ སློང་ནི་ཨིནམ་ལས་ ཐབས་ལམ་དེ་ ལེགས་ཤོམ་མི་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ ཕྱགས་སྙིགས་བཀོག་སའི་ ཉེ་འདབས་ལུ་ ས་གོ་བཟོ་ནིའི་དོན་ལུ་ ཐབས་ལམ་ལྟ་དོ་ཟེར་ཨིན་པས
ཁ་གིས་ སླབ་མིའི་ནང་ ཟ་ཁང་སྦོམ་ཚུ་ནང་ལས་ ཐབ་ཚང་གི་ཕྱགས་སྙིགས་ཚུ་ ཕགཔ་ཚུ་གི་དོན་ལུ་ བཞེས་སྒོ་སྦེ་ བསྡུ་ལེན་འབད་དོ་ཡོདཔ་ལས་ གཞན་མི་ཚུ་གིས་ ཁྱིམ་ནང་ལས་ འཛིན་སྐྱོང་འཐབ་མ་ཚུགས་པའི་ ཕྱགས་སྙིགས་མི་འཐོན་ནི་ཨིནམ་ལས ཕྱི་སེལ་རྐྱབ་སྟེ་ བཀོག་བ་ཅིན་ སྟབས་བདེ་ཏོག་ཏོ་འགྱོ་འོང་ཟེར་ཨིན་པས།
ཀྲོང་གསར་ཁྲོམ་སྡེ་ལུ་ ད་ལྟོ་ ཕྱགས་སྙིགས་བསྡུ་ལེན་འབད་ནིའི་ སྣུམ་འཁོར་༡ ལས་བརྒལ་མེདཔ་ཨིན་རུང་ སྣུམ་འཁོར་གསརཔ་ཉོ་ནིའི་ འཆར་དངུལ་ལྷོད་ཡོདཔ་ལས་ འཕྲལ་མགྱོགས་ར་ སྣུམ་འཁོར་གསརཔ་ཅིག་ ཉོ་ནི་ཨིན་པས།
ཆུ་མཇུག་སྤང་ལུ་ཡོད་པའི་ ཕྱགས་སྙིགས་བཀོག་ས་དེ་ཡང་ གང་ཡོདཔ་ལས་ ཁྲོམ་སྡེའི་བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ད་ལྟོ་ཡོད་པའི་ ས་གནས་དེ་ ས་བླུག་ཞིནམ་ལས་ ཕྱགས་སྙིགས་ཚུ་ ས་འོག་བཙུགས་ཏེ་ ལོག་སྟེ་ར་ ས་གནས་དེ་ ལག་ལེན་འཐབ་ནི་ཨིནམ་ད་ འཕྲུལ་ཆས་ཅིག་ དུས་རྒྱུན་དུ་ དེ་ཁར་བཞག་ནི་ཟེར་ཨིན་པས།
ཕྱགས་སྙིགས་སྐམ་ཚུ་རྐྱངམ་གཅིག་ བསྡུ་ལེན་འབད་ཞིནམ་ལས་ མ་འོངས་པའི་ནང་ ཐབ་ཚང་ནང་ལས་ཐོན་མི་ ཕྱགས་སྙིགས་ཀྱི་ དཀའ་ངལ་འཐོན་པ་ཅིན་ ད་ལྟོ་ཡོད་པའི་ ཕྱགས་སྙིགས་བླུག་སའི་ཉེ་འདབས་ལུ་ བླུག་ས་བཟོ་འོང་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ཆུ་མཇུག་སྤང་ལུ་ ཕྱགས་སྙིགས་ཕྱི་སེལ་རྐྱབ་སྟེ་ བཀོག་ས་སྦེ་ བཟོ་བཟོཝ་མེདཔ་ལས་ ག་ར་སླ་བསྲེས་རྐྱབ་སྟེ་ བཀོག་དོ་ཡོདཔ་ལས་ ཕྱགས་སྙིགས་ཕྱི་སེལ་རྐྱབ་ནི་དེ་ མཐར་འཁྱོལ་འགྱོ་མ་བཏུབ་ཨིན་པས།
ད་ལས་ཕར་ ཕྱགས་སྙིགས་སྐམ་ཚུ་རྐྱངམ་གཅིག་ ས་གནས་དེ་ནང་ བཀོག་ནི་ཨིནམ་ལས་ ལཱ་འབད་མི་ཚུ་ལུ་ སྟབས་བདེ་ནི་ཨིན་པའི་ཁར་ ས་གནས་དེ་ཡང ལེགས་ཤོམ་སྦེ་ འཛིན་སྐྱོང་འཐབ་ཚུགས་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *