ཀྲོང་གསར་ཁྲོམ་དང་ སྦྱིས་ཟམ་བར་ན་ ས་རུད་ཆད་དེ་ བསུབས་ཡོད་མི་གཞུང་ལམ།

ཀྲོང་གསར་ཁྲོམ་དང་ སྦྱིས་ཟམ་བར་ན་ གཞུང་ལམ་བསུབས་མི་དེ་ ད་རིས་ འཕྲོ་མཐུད་བསལ་ནི།

༉ ཁ་ཙ་ ཉིན་མའི་ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ཁར་ ཀྲོང་གསར་ཁྲོམ་དང་ སྦྱིས་ཟམ་གྱི་བར་ན་ ས་རུད་ཆད་མི་ལུ་བརྟེན་ འཁོར་ལམ་བསུབས་ཡོད་མི་དེ་ སེལ་མ་ཚུགསཔ་ཨིན་པས།
ལམ་ལྟག་ལས་མར་ ས་ཆད་མི་ལུ་བརྟེན་ ཀྲོང་གསར་དང་ ཐིམ་ཕུག་ དེ་བཟུམ་སྦེ་ ས་གནས་གཞན་ཁར་ འགྲོ་འགྲུལ་འབད་མི་སྣུམ་འཁོར་ བརྒྱ་ལས་བཅད་ད་ དུས་ཡུན་ཆུ་ཚོད་༥ ལྷགཔ་ཅིག་ བསྒུག་སྡོད་དགོཔ་ཐོན་ནུག།
ལམ་སེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ འཕྲུལ་ཆས་བཏང་ཡོད་རུང་ ལམ་རྒྱ་ཆེ་དྲགས་སྦེ་ར་ བསུབས་ཡོད་ནི་དེ་གིས་ སེལ་མ་ཚུགསཔ་ལས་ གས་རྫས་ལག་ལེན་འཐབ་དགོཔ་ཐོན་ཡོདཔ་ད་ སྣུམ་འཁོར་ཚུ་ མང་སྡེ་ཆུ་བརྒྱུད་དེ་ ཕྲང་ལམ་བདའ་སྟེ་ བཏང་ཡོདཔ་ཨིན་པས།
ཀྲོང་གསར་ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ཆརཔ་མ་ཆད་པར་རྐྱབ་མི་དང་ རྡོ་སྦོམ་ཡོདཔ་ལས་ གས་རྫས་ལག་ལེན་འཐབ་རུང་ སེལ་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནངས་པར་ དྲོ་པ་ཧ་སག་ལས་ར་ ལམ་བསལ་ནིའི་ལཱ་ཚུ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
འགྲོ་འགྲུལ་པ་ཚུ་གིས་ སླབ་མིའི་ནང་ ལམ་དེ་ རྩི་ནག་མ་གཏང་པར་ཡོད་པའི་ཁར་ ལམ་ལྟག་ལས་མར་ ས་བཅད་ནིའི་ལཱ་ཚུ་ཡང་ འབད་འཕྲོ་ཡོདཔ་ལས་ ས་གནས་ནང་ ལམ་བསལ་ནིའི་འཕྲུལ་ཆས་ཅིག་ གཏན་འཇགས་བཞག་དགོཔ་འདུག་ཟེར་ཨིན་པས།
རྩ་རྒས་ཀྱིས་ སླབ་མིའི་ནང་ ས་གནས་དེ་ནང་ འཕྲལ་འཕྲལ་ར་ ལམ་ཆད་དོ་ཡོདཔ་ལས་ འཕྲུལ་ཆས་བཞག་དགོཔ་འདུག་ཟེར་ཨིནམ་ད་ ཁ་ཙ་ བཟུམ་འབད་བ་ཅིན་ ལམ་བསལ་ནིའི་དོན་ལུ་ འཕྲུལ་ཆས་ཆུང་ཀུ་ལས་ མེད་པའི་ཁར་ དུས་ཚོད་ཁར་ ལྷོད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་ལམ་དེ་ ག་ཅི་སྦེ་ ལེགས་བཅོས་འགྱོ་མ་བཏུབ་ཨིན་ན་ མ་ཤེས་ཟེར་ཨིནམ་ད་ ལཱ་འབད་མི་ཡང་མེདཔ་ལས་ ལམ་གྱི་གནས་སྟངས་དེ་ ནམ་ལེགས་བཅོས་འགྱོ་འོང་ག་ མི་ཤེས་པས་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *