ཀོ་བིཌ་-༡༩ འི་སྒྲིག་གཞི་ལས་འགལ་བའི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།

༉ དུས་ཅི་ སྤྱི་ཟླ་༢ པའི་ནང་ ཨུམ་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ དགེ་ལེགས་ཕུག་ལས་ ཚོང་པ་ཨམ་སྲུ་ཅིག་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྒྲིག་གཞི་དང་འཁྲིལ་ ཟུར་བཞག་ནང་མ་སྡོད་པའི་ བཙོན་ཁྲིམས་ཟླ་༣ བཀལ་ཡོདཔ་བཞིན་དུ་ ཁ་ཙ་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱིས་ཡང་ ཐོག་མའི་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ གཞི་འཛིན་འབད་ནུག།

དགེ་ལེགས་ཕུག་ཁྲིམས་སྲུང་འགག་སྡེ་གིས་ དྲུང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ བསམ་པ་མ་རྫོགས་པར་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་མི་དེ་ཡང་ ནད་ཡམས་ཀོ་བིཌ་-༡༩ འི་སྒྲིག་གཞི་ལས་ འགལ་མི་ཚུ་ལུ་ ཉེས་ཁྲིམས་མཐོ་ཤོས་བཀལ་དགོཔ་སྦེ་ མངོན་མཐོ་ཁྲིམས་འདུན་ལས་ བཀའ་རྒྱ་ཡོད་རུང་ གནོད་འགེལ་འབད་མི་ལུ་ དེ་དང་འཁྲིལ་ ཉེས་ཁྲིམས་མ་བཀལ་ནི་དེ་གིས་ཨིན་པས།

ཉེས་ཁྲིམས་ཕོག་མི་ ཨམ་སྲུ་དེ་ ཁྲིམས་སྲུང་འགག་སྡེ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༤༨ པའི་ དགོངས་དོན་དང་འཁྲིལ་ འབངས་ཀྱི་བདེ་སྲུང་དང་ ལྷོད་འཇགས་ཀྱི་ བར་རྐྱེན་རྐྱབ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

མཐོ་གཏུགས་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ ཨམ་སྲུ་དེ་ལུ་ བཙོན་ཁྲིམས་ཟླཝ་༣ བཀལ་མི་དེ་ དམའ་ཤོས་མེན་པའི་ཁར་ མོ་ར་ དོ་དམ་འོག་ལུ་ ཟླཝ་༢ དང་ ཉིན་གྲངས་༡༠ བཞག་ནུག་ཟེར་ བཀོད་དེ་འདུག།

ཨམ་སྲུ་དེ་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ དགེ་ལེགས་ཕུག་ལས་ ཐིམ་ཕུག་ལུ་འོངམ་ད་ ཉིན་གྲངས་༧ གྱི་རིང་ ངེས་པར་དུ་ ཟུར་བཞག་ནང་ སྡོད་དགོ་པའི་ སྒྲིག་གཞི་ལུ་ མ་གནས་པའི་ བཙོན་ཁྲིམས་ཟླཝ་༣ བཀལ་བའི་ འཁྲུན་ཆོད་དེ་ སྤྱི་ཟླ་༢ པའི་ཚེས་༨ ལུ་ བཏོན་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *