ཀེ་ལ་གཡུས་ཚན།

ཀེ་ལ་གཡུས་ཚན་ནང་ སྤྱ་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བའི་དཀའ་ངལ།

༉ ཀྲོང་གསར་ ཀེ་ལ་གཡུས་ཚན་གྱི་མི་ཚུ་གིས་ ཁོང་རའི་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ སྲུང་སྐྱོབ་འབད་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།

ཀེ་ལ་གཡུས་ཚན་དེ་ སྟངས་སི་སྦིས་རྒེད་འོག་གི་ མཐའ་ཟུར་སྤྱི་འོག་ཨིནམ་ད་ ས་གནས་དེ་ཁར་ འབྲུ་སྣ་༩ འི་རིགས་ཚུ་ག་ར་ འཚོ་དོ་ཡོདཔ་ཨིན་རུང་ སེམས་ཅན་ཚུ་ལས་ བསྲུང་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།

ལོ་ཐོག་ཚུ་ བསྲུང་ནིའི་དོན་ལུ་ གློག་མེ་དང་ ཉི་དྲོད་ཀྱི་རཝ་ཚུ་ ཐོབ་ཡོདཔ་ད་ ཉི་དྲོད་ཀྱི་རཝ་དེ་ ཉིམ་ལུ་བརྟེན་དགོཔ་ལས་ ཉིམ་མ་ཤར་བའི་སྐབས་ ལཱ་ཁག་གཏང་དོ་ཡོདཔ་ཨིན་རུང་ མི་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་སྦེ་ཨིན་པས།

ཀེ་ལ་ལས་ དབང་འདུས་ཀྱིས་ སླབ་མིའི་ནང་ གློག་ཐག་རཝ་དེ་གིས་ རི་ཕག་དང་ ཤཝ་ ཀ་ཤ་ཚུ་ བཀག་ཚུགས་རུང་ སྤྱ་ཚུ་གི་ཐད་ཁར་ བཀག་མི་ཚུགས་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྤྱ་ཚུ་གིས་ ཐོག་ཐོན་པའི་སྐབས་ གནོདཔ་བཀལ་དོ་ཡོདཔ་ད་ དེ་མེནམ་ད་ ཁྱིམ་གྱི་ཉེ་འདབས་ལུ་ ཤིང་འབྲས་ཚུ་ལུ་ གནོདཔ་བཀལཝ་མ་ཚད་ ཐ་ན་ ཁྱིམ་ཚུ་ནང་ཡང་ གནོདཔ་བཀལ་བར་ འོངམ་མས་ཟེར་ཨིན་པས།

མི་ཚུ་གིས་ སྤྱ་ཚུ་ གནོདཔ་བཀལ་ནི་ལས་ བཀག་ནིའི་དོན་ལུ་ སྟག་རྫུས་མ་ཚུ་ཉོ་སྟེ་ ཞིང་ནང་བསྐྱལ་བཞག་དོ་ཡོདཔ་ད་ དེ་གིས་ འགོ་དང་པ་ ཕན་ཐོགས་བྱུང་ཡོད་རུང་ ཡུན་རིངམོ་ད་ ཕན་ཐོགས་སྦོམ་མིན་འདུག་ཟེར་ཨིན་པས།

ཤེས་རབ་རྒྱལ་མཚན་གྱིས་ སླབ་མིའི་ནང་ མི་ཚུ་གིས་ སྤྱ་བཀག་ནིའི་དོན་ལུ་ ག་རང་གིས་ སྟག་རྫུས་མ་ཚུ་ཉོ་ཡོདཔ་ད་ དེ་གི་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ ཡུན་རིངམོ་འགྱོ་བའི་བསྒང་ལས་ སྤྱ་ཚུ་གིས་ རྫུས་མ་ཨིནམ་ཤེས་ཏེ་ སྦོ་ལོགས་ཁར་འོང་སྡོད་དེ་ འདྲོག་མི་བཏུབ་པས་ཟེར་ཨིན་པས།

སྤྱ་གིས་ གནོདཔ་བཀལ་ནི་ལས་ བཀག་ནིའི་དོན་ལུ་ ཐབས་ལམ་གཞན་མེདཔ་ད་ ཐབས་ཤེས་ཟེར་རུང་ མི་ཚུ་ ལོ་ཐོག་ས་ཁར་བཙུགསཔ་ཅིག་ ཞིང་ནང་ གནས་སྐབས་ཀྱི་ཁྱིམ་ནང་སྡོད་དེ་ ཐོག་མ་བསྡུ་ཚུན་ བསྲུང་སྡོད་དགོཔ་ འཐོན་དོ་ཡོདཔ་ཨིན་པས།

ནོར་བུ་གིས་ སླབ་མིའི་ནང་ འབྱ་དེ་ཡང་ མགུ་ཏོ་ཐོནམ་ཅིག་ སྤྱ་ཚུ་གིས་ བཟའ་དོ་ཡོདཔ་ལས་ ཉིན་མའི་དུས་ཚོད་ལུ་ མི་ཅིག་ ངེས་པར་དུ་ ཐོག་སྲུང་སྡོད་དགོཔ་ད་ ཕྱི་རུ་ སེམས་ཅན་གཞན་ཚུ་ལས་ཡང་ བསྲུང་དགོཔ་ཐོན་དོ་ཡོདཔ་ལས་ མི་ཅིག་ ཐོག་སྲུང་སྟེ་ར་ སྡོད་དགོ་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *