གདན་ས་ལུ་སྦེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུད་བར་ན་ གནས་ཚུལ་ཞལ་འཛོམས་འཚོགས་

ཀེ་ན་ཌ་ལུ་ ན་གཞོན་༡,༠༠༠ དེ་ཅིག་གིས་ ཤེས་ཡོན་སྦྱང་ཚུགས་ནིའི་གོ་སྐབས།

༉ ཀེ་ན་ཌ་ལུ་ འབྲུག་པའི་མི་སེར་ཚུ་ ཤེས་ཡོན་སྦྱང་ནི་དང་ ལཱ་འབད་ནིའི་གནས་སྟངས་ ཡར་དྲག་འགྱོ་དོ་ཡོདཔ་ཨིན་པས།
དེ་ཡང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ ཕྱག་ཞུ་སྟེ་ བཅའ་མར་གཏོགས་པར་ཡོདཔ་བཞིན་དུ་ ཕྱི་འབྲེལ་གྱི་སྐུ་ཚབ་མང་ཤོས་ཅིག་དང་ མཇལ་ཕྲད་གནང་སྟེ་ འཆར་གཞི་ལས་སྣ་ཚུ་ལུ་ གསུང་གྲོས་གནང་ཚུགས་ཡོདཔ་སྦེ་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ གནས་ཚུལ་ཞལ་འཛོམས་ནང་ སླབ་ཡོདཔ་ཨིན།
ཀེ་ན་ཌ་གིས་ འབྲུག་པའི་ན་གཞོན་ཚུ་ དཔེ་ཆ་ལྷབ་ནི་དང་ ལཱ་འབད་ནིའི་གོ་སྐབས་བྱིན་ནི་ཟེར་བའི་ གསུང་གྲོས་བྱུང་ཡོདཔ་ད་ ད་ལྟོ་ ག་དེམ་ཅིག་ ལེན་ནི་ཨིན་ན་ གཏན་འཁེལ་མེད་རུང་ ཧ་ལམ་ ན་གཞོན་༡,༠༠༠ དེ་ཅིག་ ལེན་ནིའི་འཆར་གཞི་ཡོད་མི་དེ་ཡང་ སོ་ནམ་གྱི་དོན་ལུ་ཨིན་ཟེར་ བློན་པོ་ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ བཤད་ཅི།
བློན་པོ་དང་འཁྲིལཝ་ད་ ལག་ཤེས་སྦྱོང་བརྡར་དང་ མཐོ་རིམ་ཤེས་ཡོན་སྦྱང་ནི་ དེ་ལས་ གཙུག་ལག་གོང་མའི་ཤེས་ཡོན་སྦྱང་ནིའི་དོན་ལུ་ ལོ་༢ བྱིན་ནི་དང་ དེ་གི་ཤུལ་ལས་ ལོ་༣ ཚུན་ ལཱ་འབད་ཆོག་པའི་ གནང་བ་བྱིན་ནི་ཨིན་པའི་ གསུང་གྲོས་བྱུང་ཡི་ཟེར་ཨིན་པས།
གནད་དོན་དེ་ཡང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་ ཉིན་གྲངས་༨ ཀྱི་རིང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ གྲལ་བཞུགས་གནང་པའི་སྐབས་ ཕྱག་ཞུ་འགྱོ་མི་ ཕྱི་འབྲེལ་བློན་པོ་དང་ འབྲུག་པའི་ ཆེ་རིམ་ཅན་གྱི་ གོ་གནས་འཆང་མི་ཚུ་གིས་ ཕྱི་འབྲེལ་དོན་སྤྱོད་ཚུ་དང་ གསུང་གྲོས་གནང་ཚུགས་མི་ཚུ་གི་གྲས་ལས་ དོན་ཚན་གཅིག་ཨིནམ་ད་ ལོག་སྤྱི་ཟླ་༡༠ པའི་ཚེས་༡ ལུ་ འབྲུག་ལུ་ ལོག་བྱོན་ཡི།
ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ འཛམ་གླིང་སྤྱི་ཚོགས་ཀྱི་ཞལ་འཛོམས་ནང་ བཅའ་མར་གཏོགས་པར་བྱོན་མི་ སཱག་ལུང་ཕྱོགས་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་བློན་པོ་ཚུ་དང་ མཇལ་ཕྲད་གནང་པའི་ཁར་ གོང་འཕེལ་ཉུང་སུ་འགྱོ་མི་ སྐོབས་ཚུད་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་བློན་པོ་ཚུ་དང་ གལ་གནད་ཅན་གྱི་ ཟུང་ཕྱོགས་གསུང་གྲོས་སྣ་ཚོགས་གནང་ཡི་ཟེར་ ཨིན་པས།
ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ བྱ་སྟབས་མ་བདེ་བའི་དཀའ་ངལ་བསལ་ནི་ཚུ་ མཉམ་རུབ་ཐོག་ལས་ ཕྱག་ལཱ་གནང་ནི་ཟེར་ ལོ་རྒྱུས་ཚུ་ འཛམ་གླིང་སྤྱི་ཚོགས་ནང་ བཙུགས་ཡི་ཟེར་ བློན་པོ་གིས་ སླབ་པའི་ཁར་ སཱག་ལུང་ཕྱོགས་རྒྱལ་ཁབ་༨ ཀྱི་ ཟུང་ཕྱོགས་མཐུན་འབྲེལ་ཞལ་འཛོམས་འཚོགས་ནི་ཨིན་པའི་ དོན་ཚན་གུ་ ལུང་ཕྱོགས་རྒྱལ་ཁབ་༥ འི་ ཕྱི་འབྲེལ་བློན་པོ་ཚུ་དང་ གསུང་གྲོས་གནང་ཚུགས་ཅི་ཟེར་ཨིན་པས།
བློན་པོ་གིས་ ནེ་པཱལ་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་བློན་པོ་དང་ ཕྱད་ཞིནམ་ལས་ རྒྱལ་ཁབ་ཀྱི་མཐུན་ལམ་དམ་ཟབ་བཞག་ནི་གུ་ གསུང་གྲོས་གནང་ཡོདཔ་མ་ཚད་ པོ་ཊུ་གཱལ་ཕྱི་འབྲེལ་བློན་པོ་དང་ པོ་ལེནཌ་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་བློན་པོ་ཚུ་དང་ གོང་འཕེལ་ལས་སྣ་གུ་ གསུང་གྲོས་གནང་ཡི་ཟེར་ཨིན་པས།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ ལས་རིམ་དེ་ མཐར་འཁྱོལ་ཅན་ཅིག་བྱུང་ཡི་ཟེར་ཨིནམ་ད་ འབྲུག་ལས་འགྱོ་མི་ སྐུ་ཚབ་ཚུ་གིས་ ཡོངས་ཁྱབ་ཞལ་འཛོམས་ནང་ བཅའ་མར་གཏོགས་པར་བྱོན་མི་ ཟུང་ཕྱོགས་དང་ ཕྱོགས་སྣ་རྒྱལ་ཁབ་༢༣ མཇལ་ཕྲད་གནང་སྟེ་ གསུང་གྲོས་གནང་ཚུགས་ཅི་ཟེར་ ཨིན་པས།
འཛམ་གླིང་གཟུགས་ཁམས་འཕྲོད་བསྟེན་གྱི་ དམིགས་གཏད་འགྲུབ་དགོ་མི་ལས་ འབྲུག་གིས་ ཡུན་བརྟན་གོང་འཕེལ་དམིགས་འཆར་༢༠༣༠ ནང་འཁོད་ལུ་ ཡུན་བརྟན་གོང་འཕེལ་དམིགས་འཆར་ཁག་༡༧ འགྲུབ་ཚུགས་ཟེར་ ཁས་བླངས་འབད་ཡི་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༨ རྒྱལ་ཡོངས་ཁས་བླངས་ཞིབ་འཚོལ་བསྐྱར་ཞིབ་དང་འཁྲིལཝ་ད་ ད་ལྟོ་ ཡུན་བརྟན་གོང་འཕེལ་དམིགས་འཆར་ཁག་༡༧ འཐུས་ཤོར་མེད་པར་ ལེགས་ཤོམ་སྦེ་ར་ འགྱོ་དོ་ཡོདཔ་ལས་ ང་བཅས་ཀྱིས་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་༢༠༢༠ བསྐྱར་ཞིབ་འབད་ནི་ཨིན་ཟེར་ ཨིན་པས།
བློན་ཆེན་དང་འཁྲིལཝ་ད་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་གྱི་ བཅའ་སྒྲིག་རྩིས་ཞིབ་༢༠༡༨ དང་འཁྲིལ་བ་ཅིན་ གཞུང་གིས་ སྤྱི་ཚོགས་ལྷན་བཞུགས་ཚོགས་པ་བཟོ་མིའི་ནང་ གཞུང་སྐྱོང་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པ་ དེ་ལས་ རྒྱལ་ཡོངས་ཚོགས་སྡེ་༣ དགོཔ་སྦེ་འདུག་ཟེར་ ཨིན་པས།
སྤྱི་ཚོགས་ལྷན་བཞུགས་ཐོག་ལས་ ཡུན་བརྟན་གོང་འཕེལ་དམིགས་ཡུལ་ལས་སྣ་ཚུ་ ག་དེ་སྦེ་ འགྱོ་དོ་ཡོདཔ་ཨིན་ན་ བརྟག་ཞིབ་དང་ ལྟ་རྟོག་འབད་ནི་དེ་ དུས་ཅི་ལས་ འགོ་བཙུགས་ནི་ཨིན་དང་ དེ་ཡང་ འདྲ་མཉམ་དང་ དྭངས་གསལ་གྱི་དོན་ལུ་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ལག་ཤེས་སྦྱོང་བརྡར་སྤེལ་ཁང་དང་ རྒྱལ་ཁབ་ལུ་ཕན་ཐོགས་ཚུགས་པའི་ གནད་དོན་གལ་ཅན་ཚུ་གུ་ གསུང་གྲོས་གནང་ནི་དང་ རྒྱབ་སྐྱོར་ལེན་ནིའི་དོན་ལས་ ཕྱི་རྒྱལ་ཁབ་ཚུ་ གཟིགས་ཡོདཔ་བཞིན་དུ་ སིངྒ་པུར་གྱི་ བློན་ཆེན་དང་མཇལ་ཕྲད་གནང་སྟེ་ ཟུང་ཕྱོགས་གསུང་གྲོས་གནང་ཡི་ཟེར་ཨིན་པས།
ལག་ཤེས་སྦྱོང་བརྡར་སྤེལ་ཁང་དང་འབྲེལ་བའི་ འཕྲུལ་རིག་དང་ མི་སྟོབས་གོང་འཕེལ་གྱི་ རྒྱབ་སྐྱོར་གནང་དགོཔ་སྦེ་ བློན་ཆེན་ལུ་ ཞུ་ཡོདཔ་མ་ཚད་ སིངྒ་པུར་རྒྱལ་ཁབ་ནང་ གཟིགས་སྐོར་འགྱོ་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ འཛམ་གླིང་སྤྱི་ཚོགས་ཡོངས་ཁྱབ་ཞལ་འཛོམས་ནང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ མ་འོངས་ཡུན་བརྟན་དང་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ གནམ་གཤིས་གནས་སྟངས་འགྱུར་བགྲོད་ལ་སོགས་པའི་གནད་དོན་ཚུ་གུ་ ཞུ་ཡོདཔ་ཨིན་པས།
བློན་ཆེན་གྱིས་ བཤད་མིའི་ནང་ རྒྱལ་ཁབ་ཀྱི རྒྱལ་བརྒྱུད་རིང་ལུགས་ལུ་ གུས་ཞབས་སྦོམ་ཡོདཔ་བཞིན་དུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་ ཡུན་བརྟན་གོང་འཕེལ་ དམིགས་ཡུལ་འགྲུབ་ནི་དང་ གོང་འཕེལ་ གྱི་གཞི་རྩ་ལུ་ ལྷན་ཐབས་ཀྱིས་མ་ཚད་པར་ འབྲུག་གི་རང་བཞིན་གནས་སྟངས་ ཉམས་སྲུང་ལུ་ཡང་ ལྷན་ ཐབས་འབད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *