ཀར་བ་ཡེཌ་གེསི་ ལག་ལེན་དང་འབྲེལ་བའི་ ཉེན་སྲུང་ཚ་གྱང་།

༉ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ དབང་འདུས་སྣུམ་འཁོར་བཅོ་ཁང་ནང་ སྐྱེས་ལོ་༤༥ ལང་མི་ ཕོ་སྐྱེས་ཅིག་ ཀར་བ་ཡེཌ་མེ་རླུང་རྒྱ་རྫི་གས་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོདཔ་ལས་ ཉེན་སྲུང་ག་དེ་སྦེ་ ཡོདཔ་ཨིན་ན་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ ལས་བྱེདཔ་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ཕུན་ཚོགས་གླིང་གི་ སྣུམ་འཁོར་བཅོ་ཁང་མང་ཤོས་ཅིག་ནང་ ལྕགས་མཐུད་ནིའི་དོན་ལུ་ ཌི་ཨེ་ཟེར་མི་ གེསི་ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ཀར་བ་ཡེཌ་གེསི་ལག་ལེན་འཐབ་མི་ཡང་ དག་པ་ཅིག་ཡོད་ཟེར་ཨིན་པས།
ཀར་བ་ཡེཌ་གེསི་འཕྲུལ་ཆས་དེ་གིས་ ཀར་བཡེཌ་དང་ ཆུ་སླ་བསྲེས་ཞིནམ་ལས་ ལྕགས་མཐུད་ནིའི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ མེ་རླུང་རྒྱ་རྫི་དེ་ནང་ ཀར་བཡེཌ་དང་ ཆུ་བླུགས་པའི་སྐབས་ མང་ཉུང་རན་ཏོག་ཏོ་སྦེ་ བླུག་དགོཔ་ཨིན་པས།
སྣུམ་འཁོར་བཅོ་ཁང་གཅིག་གི་ འཛིན་སྐྱོང་པ་གིས་འབད་བ་ཅིན་ ཀར་བཡེཌ་གེསི་དེ་ ཉེན་ཁ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལག་ལེན་འཐབ་ནིའི་ནང་ མཁས་མཆོག་ཡོད་མི་ཚུ་གིས་རྐྱངམ་གཅིག་ ལག་ལེན་འཐབ་ཚུགས་ཟེར་ཨིནམ་ད་ དེ་མེན་པར་ ག་དེམ་ཅིག་སྦེ་ ཀར་བ་ཡེཌ་དང་ ཆུ་དེ་ འདྲན་འདྲ་སྦེ་ མ་བླུག་པ་ཅིན་ དེ་གིས་ རྒྱ་རྫི་ནང་ རླུང་ཤུགས་འདྲན་འདྲ་འགྱོ་མ་བཏུབ་ལས་ གས་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱ་རྫི་དེ་ ས་མཚམས་བརྒལ་ཏེ་ ས་གནས་ནང་འཁོད་ལུ་ བཟོ་བཟོཝ་འབད་ནི་དེ་གིས་ གནས་ཚད་ཅན་གྱི་སྤུས་ཚད་མེད་ལུགས་ཚུ་ བཤདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ བཙོག་ཆུ་གསོག་འཇོག་འབད་སའི་ས་ཁོངས་ཀྱི་ ཉེ་འདབས་ལུ་ཡོད་མི་ སྣུམ་འཁོར་བཅོ་ཁང་དེ་ནང་ ཀར་བ་ཡེཌ་གེསི་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ཁོང་ལུ་ ཌི་ཨེ་གེསི་དེ་ཡང་ ཡོདཔ་ཨིན་པས།
སྣུམ་འཁོར་བཅོ་ཁང་གི་ ཇོ་བདག་གིས་འབད་བ་ཅིན་ ཁོང་གིས་ མང་ཆེ་ཤོས་ཅིག་ ཌི་ཨེ་གེསི་དེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ གློ་བུར་གྱི་གནས་སྟངས་ དཔེར་ན་ ཌི་ཨེ་མེ་རླུང་དེ་ རྫོགསཔ་ད་རྐྱངམ་གཅིག་ ཀར་བ་ཡེཌ་དེ་ ལག་ལེན་འཐབ་ཨིན་ཟེར་ཨིན་པས།
སྣུམ་འཁོར་བཅོ་ཁང་ཚུ་ནང་ ཀར་བ་ཡེཌ་གེསི་ལག་ལེན་འཐབ་མི་དེ་ཡང་ གཞན་མི་དང་ཕྱདཔ་ད་ གོང་ཚད་ཁེ་ནི་དེ་གིས་ ཨིན་པས།
ཌི་ཨེ་གེསི་དེ་ མཁོ་སྒྲུབ་འབད་བའི་སྐབས་ དངུལ་ཀྲམ་༨,༠༠༠ སླབ་དོ་ཡོདཔ་ད་ དེ་ནང་ གེསི་བླུག་ནིའི་དོན་ལུ་ དངུལ་ཀྲམ་༡,༥༠༠ སྤྲོད་དགོཔ་ཨིན་རུང་ ཀར་བ་ཡེཌ་འབད་བ་ཅིན་ དངུལ་ཀྲམ་༢,༥༠༠ དང་༣,༦༠༠ བར་ན་ ཐོབ་ཚུགས་དོ་ཡོདཔ་ཨིན་པས།
དབང་འདུས་སྣུམ་འཁོར་བཅོ་ཁང་ནང་ ཀར་བ་ཡེཌ་གེསི་དེ་ གས་པའི་ཤུལ་ལུ་ ཌི་ཨེ་གེསི་ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་སྦེ་ ཇོ་བདག་སྟོབས་རྒྱས་ནོར་བུ་གིས་ སླབ་ཨིན་པས།
དབང་འདུས་སྣུམ་འཁོར་བཅོ་ཁང་དེ་ ཕུན་ཚོགས་གླིང་ལུ་ བཅོ་ཁང་རྙིང་ཤོས་ཅིག་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཀར་བ་ཡེཌ་གེསི་དེ་ ལག་ལེན་འཐབ་སྟེ་ ལོ་ངོ་བཅུ་ཕྲག་༣ དེ་ཅིག་ ལང་ཡོདཔ་ཨིན་རུང་ ད་རེས་བཟུམ་མའི་ དཀའ་ངལ་མ་འཐོན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *