འཕྲལ་གྱི་གནས་ཚུལ།

འཆར་གཞི་༡༡ པའི་དམིགས་གཏད་ལས་བརྒལ་བའི་ གྲུབ་འབྲས་བཏོན་ཚུགས་ནི།

༉ གཞུང་གིས་ འཆར་གཞི་༡༡ པའི་ དམིགས་གཏད་ག་ར་ འགྲུབ་ཚུགས་ནི་ཨིནམ་མ་ཚད་ འཆར་གཞི་༡༡ པ་ མཇུག་བསྡུ་བའི་བསྒང་ལས་ འཆར་གཞི་ལས་བརྒལ་བའི་ …

རྒྱས་པར་ལྷག། »

ལྕང་ལཱ་རྐྱབ་ནི་ འགོ་བཙུགས་རུང་ ཞིང་ཆུའི་བྲེལ་ཟིང་ཐོན་བཞིན་དུ་ཡོདཔ།

༉ མོང་སྒར་དགྲ་མེད་རྩེ་རྒེད་འོག་ ཤ་ཕང་མ་ལུ་ གཡུས་ཁའི་སོ་ནམ་པ་གཞན་ཚུ་ ཞབས་ཁྲ་འཐེན་ཐོག་ལས་ ལྕང་ལཱ་རྐྱབ་ད་ སྒལ་ཏོ་ཁར་ ཨ་ལོ་འབག་མི་ ཨམ་སྲུ་ཅིག་ མོ་རའི་ཆུ་ཞིང་ནང་དཔག་མི་ …

རྒྱས་པར་ལྷག། »

ཇོ་མོ་གཙང་ཁའི་ ནང་སྨན་ཞབས་ཏོག་གི་དོན་ལུ་ ཁང་མིག་མ་ལང་པའི་དཀའ་ངལ།

༉ མ་འོངས་པ་ལུ་ ནང་པའི་སྨན་ཁང་གི་ ཞབས་ཏོག་ཡར་དྲག་དང་ གོང་འཕེལ་གཏང་ཐབས་ལུ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ལུ་ཡོད་མི་ ནང་སྨན་ཞབས་ཏོག་གི་དོན་ལུ་ ཁང་མིག་ཅིག་ ལོགས་སུ་སྦེ་མེད་པའི་ …

རྒྱས་པར་ལྷག། »

འབྲུག་པའི་སྣུམ་འཁོར་ཚུ་ རྒྱ་གར་གྱི་མངའ་སྡེ་བརྒྱུད་དེ་འགྱོ་བའི་སྐབས་ གདོང་ལེན་བྱུང་ མི་ཚུ་ སེལ་ཐབས་འབད་ནི།

༉ རྫོང་ཁག་ལ་ལོ་ཅིག་ནང་ འགྲོ་འགྲུལ་འབད་བའི་སྐབས་ རྒྱ་གར་གྱི་ས་གནས་བརྒྱུད་དེ་ འགྱོ་དགོཔ་ལས་ འཕྲལ་འཕྲལ་སྐབས་ སྟབས་མ་བདེཝ་ཚུ་ དུམ་གྲ་རེ་ བྱུང་དོ་ཡོདཔ་ཨིན་རུང་ གཞུང་གིས་ …

རྒྱས་པར་ལྷག། »

ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ཚུ་ བསྐྱར་ཞིབ་འབད་དགོཔ།

༉ འབྲུག་རྒྱལ་ཁབ་ནང་ ལཱ་གཡོག་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ གཞུང་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ན་གཞོན་ཚུ་ ལཱ་འབད་བར་ གཏང་ཐབས་ལུ་ ཕྱི་རྒྱལ་ལཱ་གཡོག་ལས་སྡེ་ལེ་ཤ་ཅིག་ལུ་ …

རྒྱས་པར་ལྷག། »

རྟ་ལ་ཁ་ལས་ གཞུང་ས་ཚུལ་མིན་ཐོག་ ཉོ་བཙོང་འཐབ་མི་༡༡ ཁྲིམས་སར་བསྐྱལ་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ལུ་ གཞུང་ས་ཚུལ་མིན་ཐོག་ལས་ སྒེར་ཁྲམ་ནང་ སྤོ་སོར་འབད་བའི་ ཉོགས་བཤད་ལུ་ ཞིབ་དཔྱད་འབད་དེ་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་སྟེ་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

མོང་སྒར་ལུ་ ཉིན་གྲངས་༤ གི་རིང་ འགོ་འདྲེན་འཐབ་མི་ འཁྲུན་ཆོད་འབྲི་ཐངས་ གཅིག་མཚུངས་བཟོ་ནི་དང་ རྩོད་གཞི་འཛིན་སྐྱོང་ལམ་ལུགས་༢ ཀྱི་ སྦྱོང་བརྡར་ནང་ བུམ་ཐང་དང་ …

རྒྱས་པར་ལྷག། »

ལས་གཡོག་ལྷན་ཁག་དོན་ལུ་ དངུལ་ཀྲམ་ས་ཡ་༩.༣༩༣ རྩིས་འགྲིགས་འབད་མ་ ཚུགས་པར་ཡོདཔ།

༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༦ ལུ་ ལས་གཡོག་ལྷན་ཁག་དོན་ལུ་ དངུལ་ཀྲམ་ས་ཡ་༢༥.༥༢༡ རྩིས་ཞིབ་འབད་བའི་སྐབས་ དངུལ་ཀྲམ་ས་ཡ་༩.༣༩༣ རྩིས་འགྲིགས་འབད་མ་ཚུགས་པར་ ཡོདཔ་ཨིན་པས། …

རྒྱས་པར་ལྷག། »

སོ་ནམ་ཚོང་ཁང་༡༡༩ གཞི་བཙུགས་འབད་ཡོདཔ།

༉ གདོང་ལེན་སྦོམ་ཡོད་པའི་ ཁེ་སང་ཉུང་སུ་ཅིག་ལས་མེད་རུང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ རྒྱལ་ཁབ་ནང་འཁོད་ལུ་ སོ་ནམ་ཚོང་ཁང་༡༡༩ གཞི་བཙུགས་འབད་ཡོདཔ་ཨིན་པས། དུས་ཅིའི་ ལོ་རྐྱངམ་གཅིག་ནང་ར་ …

རྒྱས་པར་ལྷག། »

ཞིང་ཆུ་ལག་ལེན་འཐབ་མི་ སོ་ནམ་པ་ཚུ་གི་དོན་ལུ་ ཆུའི་སྡེ་ཚན་བཟོ་ཡོདཔ།

༉ མོང་སྒར་དགྲ་མེད་རྩེ་རྒེད་འོག་ སེར་ཁག་པོ་ ཝེང་མཁར་ཤིང་སྤྱི་འོག་གི་ མི་སེར་ཚུ་ལུ་ ཆུ་ཞིང་ཨེ་ཀར་བརྒྱ་ལས་བཅད་དེ་ཡོད་རུང་ ཞིང་ཆུ་ལངམ་སྦེ་མེད་པའི་ དཀའ་ངལ་ལུ་བརྟེན་ བཟའ་སྤྱོད་འབད་མ་ཚུགསཔ་ལས་ སྟོངམ་སྦེ་བཞག་མི་ …

རྒྱས་པར་ལྷག། »

རྩ་ཁྲིམས་ཆེན་མོ་ གོང་ལུ་བཀུར་དགོཔ།

༉ གཞུང་གིས་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་དེ་ སྙན་ཞུ་སྦེ་ བཙུགས་པའི་ཤུལ་ལས་ རྒྱལ་ཡོངས་ཚོགས་འདུ་གིས་ ཏི་རུའི་དཔྱད་ཡིག་སྦེ་ དང་ལེན་མཛད་ཐོག་ལས་ འདས་པའི་བདུན་ཕྲག་ནང་ ཆ་འཇོག་གྲུབ་ཞིནམ་ལས་ཚུར་ …

རྒྱས་པར་ལྷག། »

ངན་ལྷད་ཀྱི་ གདོང་ལེན་འབད་བཞིན་དུ་ཡོདཔ།

༉ མདང་ཞག་ རྒྱལ་ཁབ་ནང་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་རྐྱབ་པའི་ནམ་དུས་ལུ་ དྲི་བ་སྣ་ཚོགས་བཀོད་མི་དང་འཁྲིལཝ་ད་ ངན་ལྷད་དང་འབྲེལ་བའི་ དྲི་བ་ཡོད་དེ་འབད་རུང་ མཐའན་མཇུག་ཁར་ མི་སེར་ལུ་ བཀོད་ནི་མེད་མི་དེ་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས།

ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཧཱ་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ དབུ་འཛུགས་གནངམ་དང་འབྲེལ་ སྨན་ལྗོངས་འབྲུག་གི་ སྨོན་ལམ་ཆེན་མོའི་དུས་དེབ་ སྐལ་བཟང་དགའ་བའི་གྲུ་ཆར་ཟེར་མི་ཅིག་ གསར་བཏོན་མཛད་གནང་ཡོད་པའི་གནས་ཚུལ།

རྒྱས་པར་ལྷག། »

ཉོགས་མེད་ཡི་གུ་ཚུ་ འཐོབ་ཚུགས་པ་ཅིན་ ཤིང་མཁར་སྒོར་གཱན་གྱི་ཕྲང་ལམ་ དུས་ཅི་ར་ བཟོ་སྐྲུན་འབད་ནི།

༉ ཤིང་མཁར་སྒོར་གཱན་གྱི་ ཕྲང་ལམ་བཟོ་སྐྲུན་འབད་ནི་དེ་ སྤྱི་ཚོགས་༢ པའི་ ཚོགས་ཐེངས་༢ པའི་ནང་ལས་ར་ ཆ་འཇོག་གྲུབ་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ག་ཅི་ཡང་ …

རྒྱས་པར་ལྷག། »

གནས་ཚུལ་མདོར་བསྡུས

༉ འབྲུག་དང་ ཀོ་རི་ཡ་མི་སེར་རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་ལམ་གཞི་བཙུགས་འབད་དེ་ ལོ་ངོ་༣༠ འཁོར་བའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ཀེ་པོབ་ཟེར་མི་ …

རྒྱས་པར་ལྷག། »