འཕྲལ་གྱི་གནས་ཚུལ།

ནབ་སྦྱིས་སྐོར་ཕུག་ལུ་ མོ་བཏབ་དོན་ལས་ བ་དམ་བཙུགས་ཡོདཔ།

༉ ཀྲོང་གསར་ ནབ་སྦྱིས་སྐོར་ཕུག་གི་ས་གནས་དེ་ ཚ་དྲོད་དང་ལྡནམ་ལས་ འབྲུ་སྣ་དགུའི་རིགས་ཚུ་ འཚོ་དོ་ཡོདཔ་ཨིན་པས། ཨིན་རུང་ ད་ལྟོ་ཚུན་ ས་གནས་ནང་ མི་ཚུ་གིས་ …

རྒྱས་པར་ལྷག། »

ཆུ་བྱ་ཕོཝ་དཀར་ཚུ་ ཉམས་སྲུང་འབད་ནི་ལུ་ ཐབས་ལམ་བཏོན་དགོཔ།

༉ འདས་པའི་ལོ་༥ འི་རིང་ ལོ་བསྟར་བཞིན་དུ་ ཆུ་བྱ་ཕོཝ་དཀར་གྱི་ བརྟག་ཞིབ་འབད་བའི་སྐབས་ ཆུ་བྱ་ཕོཝ་དཀར་༢༢ རྐྱངམ་གཅིག་ལས་བརྒལ་མེད་མི་དེ་ཡང་ དུས་ཅི་ལས་ གྱངས་ཁ་༥ …

རྒྱས་པར་ལྷག། »

རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་པའི་ཁར་ ཆུ་གཡུར་ཏན་ཏན་མེད་མི་ལུ་བརྟེན་ ས་ཞིང་སྟོངམ་བཞག་ཡོདཔ།

༉ འདས་པའི་ལོ་ངོ་ བཅུ་ཕྲག་༡ གི་ཧེ་མར་ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་གི་ སོ་ནམ་པ་ཚུ་གིས་ ལོ་༡ ནང་ འབྱ་ལཱ་ཚར་༢ …

རྒྱས་པར་ལྷག། »

གསར་སྤང་རྫོང་ཁག་ནང་ ཡོངས་འབྲེལ་ཐོག་ལས་ ས་ཁྲལ་བསྡུ་ནི་ལུ་དཀའ་ངལ།

༉ མི་སེར་མང་ཤོས་ཅིག་གིས་ར་ ཡོངས་འབྲེལ་ཐོག་ ས་ཁྲལ་བཏབ་ནིའི་ རིམ་ལུགས་ལག་ལེན་འཐབ་མི་ཤེས་དོ་ཡོདཔ་ལས་ ས་གནས་གཞུང་གི་ འགོ་དཔོན་ཚུ་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། དེ་ཡང་ རྫོང་ཁག་ཚོགས་འདུའི་སྐབས་ལུ་ …

རྒྱས་པར་ལྷག། »

འབྲུག་ལུ་ ཁྱེགས་མཚོ་༥༦༧ ཡོད་མི་ལས་༡༧ ཉེན་ཁ་ཆེ་དྲགས་སྦེ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ཡོད་མི་ གཙང་ཆུ་དང་ རོང་ཆུ་ ཨུམ་ཆུ་ལ་སོགས་པ་ ཆུ་འཁྱིལ་ས་ཁོངས་༢,༩༩༧ ཐོ་བཀོད་འབད་ས་ལས་༥༦༧ ཁྱེགས་མཚོ་སྦེ་ དབྱེ་བ་ཕྱེ་ཡོདཔ་བཞིན་དུ་ …

རྒྱས་པར་ལྷག། »

ཨམ་སྲུ་དང་ཨ་ལོ་ཚུ་ལུ་ ཞབས་ཏོག་སྤྲོད་ནིའི་དོན་ལས་ མ་དངུལ་མེདཔ།

༉ མ་གཞི་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་དེ་ རྒྱལ་ཁབ་ནང་ ཨམ་སྲུ་དང་ཨ་ལོའི་དབང་ཆ་ བདག་སྲུང་འབད་མི་ ལས་སྡེ་གཙོ་ཅན་ཅིག་སྦེ་ གཞི་བཙུགས་འབད་རུང་ ཞབས་ཏོག་ཚུ་ སྤྲོད་ནིའི་དོན་ལུ་ …

རྒྱས་པར་ལྷག། »

ད་ལྟོ་ཚུན་ ཕོ་སྐྱེས་༣ གྱིས་ ཀོ་བིཌ་-༡༩ འི་སྨན་ཁབ་ ཐེངས་༢ རེ་བཙུགས་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ འགོ་བཙུགས་པའི་ཤུལ་ལས་ ད་ལྟོ་ཚུན་ ཕོ་སྐྱེས་༣ གྱིས་ ཀོ་བིཌ་-༡༩ …

རྒྱས་པར་ལྷག། »

དེད་གཡོགཔ་ཕོ་སྐྱེས་ཅིག་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༩ གི་ནུབ་མོ་ སྣུམ་འཁོར་ཊི་པར་ཊཱག་ཅིག་ རྦོབ་རིལ་མིའི་ནང་ སྐྱེས་ལོ་༣༢ ལང་མི་ དེད་གཡོགཔ་ཕོ་སྐྱེས་དེ་ ཁ་འཐུམ་མར་ …

རྒྱས་པར་ལྷག། »

བང་ལ་དེཤ་ལུ་ བློན་ཆེན་གྱི་ གཟིགས་སྐོར་སྐབས་ འབྲུག་མི་༢ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་མཆོག་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ གཟིགས་སྐོར་གནང་པའི་སྐབས་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ ཞབས་ཁྲ་རྐྱབ་མི་༢ ལུ་ …

རྒྱས་པར་ལྷག། »

ས་གནས་གཞུང་གི་བཅའ་ཁྲིམས་ དམ་དྲགས་ཡོདཔ་ལས་ འཕྲི་སྣོན་འབད་ནི།

༉ གཞུང་གིས་ ས་གནས་གཞུང་གི་བཅའ་ཁྲིམས་ འཕྲི་སྣོན་འབད་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ནང་ དབུ་འཛུགས་གནང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུ་ནང་ ཕུལ་ནི་གི་ ལས་འཆར་ཡོདཔ་ད་ …

རྒྱས་པར་ལྷག། »

བདག་དབང་མེད་པར་ལུས་མི་ ཤིང་ལྕངམ་ཚུ་ བདག་འཛིན་འབད་ནི་ འགོ་བཙུགས་ཡོདཔ།

༉ ལོ་༥ དེ་ཅིག་གི་ཧེ་མར་ ཐིམ་ཕུག་ཀུན་གསལ་ཕོ་བྲང་སྟོན་པ་རྡོ་གདན་མའི་ སྐུ་འདྲ་ཆེན་མོའི་འོག་ལུ་ ཤིང་ལྕངམ་སྟོང་ཕྲག་སྦེ་ བཙུགས་ཡོད་རུང་ ཤིང་ལྕངམ་རེ་གཉིས་མ་གཏོགས་ མ་སྐྱེས་པས། ཤིང་ལྕངམ་ཚུ་ཡང་ …

རྒྱས་པར་ལྷག། »

ཕོ་ཆུ་དང་ མོ་ཆུའི་ལུང་གཤོང་ནང་ ཆུ་བྱ་ཕོཝ་དཀརཔོ་ཚུ་ མཐོང་གསལ་མེདཔ།

༉ འཕྲལ་ཁམས་ཅིག་ཁར་ ལོ་བསྟར་གྲངས་རྩིས་རྐྱབ་པའི་སྐབས་ འབྲུག་ལུ་ ཆུ་བྱ་ཕོཝ་དཀརཔོ་༢༢ ལས་བརྒལ་མེད་མི་དེ་ འདས་པའི་ལོ་༥ ནང་ གྱངས་ཁ་ཉུང་ཤོས་ཅིག་ཨིན་པའི་ མངོན་གསལ་བྱུང་ནུག། …

རྒྱས་པར་ལྷག། »

རྡོ་སོལ་ཕྱིར་བཏོན་གྱི་ འཕྲུལ་ཆས་གླར་སྤྱོད་ཀྱི་ རིན་བསྡུར་འབད་ནི།

༉ པདྨ་འདོད་འབྱུང་ཀུན་ཕན་སྒེར་སྡེ་ཚད་འཛིན་གྱིས་ བསམ་གྲུབ་ལྗོངས་མཁར་ ཧ་བ་རང་དང མཚོ་ཕང་མའི་ རྡོ་སོལ་ཕྱིར་བཏོན་འབད་ནིའི་ ས་བརྐོ་འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་མ་ཚུགསཔ་ལས་ རྒྱལ་ཁམས་ས་གཏེར་ལས་འཛིན་གྱིས་ ཧེ་མའི་གྲོས་ཆོད་ལུ་ …

རྒྱས་པར་ལྷག། »