རྒྱས་བཤད།

ཕུན་ཚོགས་གླིང་ལུ་ རྟ་ཚུ་བདག་མེད་བཞག་པའི་གདོང་ལེན།

༉ ཕུན་ཚོགས་གླིང་ལུ་ རྟ་དྲེལ་ཚུ་ བདག་འཛིན་འཐབ་མི་མེད་པར་ སྤྱང་འཁྱམས་སྡོད་དེ་ ལོ་ལེ་ཤ་ ལང་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ལས་ གྱངས་ཁ་དེ་ཡང་ ཡར་སེང་སོང་མི་ལུ་བརྟེན་ ཁྲོམ་སྡེ་ཡིག་ཚང་དང་ ས་གནས་ནང་ སྡོད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འགྲོ་འགྲུལ་བཀག་དམ་འབད་མི་དེ་ ལྷོད་ཡངས་བཏང་པའི་ཤུལ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་གིས་ སྤྱང་འཁྱམས་སྡོད་མི་ …

རྒྱས་པར་ལྷག། »

ནགས་ཚལ་འགོ་དཔོན་ཚུ་ རང་བཞིན་གནས་སྟངས་ སྲུང་སྐྱོབ་འབད་མི་ཨིནམ།

༉ སྤྱི་ཟླ་༩ པའི་ཚེས་༣ གྱི་ ཕྱི་རུའི་ཆུ་ཚོད་༧:༤༠ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ སྒང་སྟེང་རྒེད་འོག་གི་ མཚམས་ཁང་ཅིག་ནང་ དོམ་མཐོང་པའི་ཤུལ་ལས་ དགེ་སློང་ཅིག་གིས་ གླིང་འཛིན་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ནུག། དབང་འདུས་ཕོ་བྲང་ནགས་ཚལ་སྡེ་ཚན་གྱི་ འགོ་དཔོན་༦ གིས་ ཕྱི་རུའི་ལྟོ་བཟའ་བའི་ཤུལ་ལས་ ནགས་ཚལ་འགོ་དཔོན་ཅིག་གིས་ ཀྲོབ་མདའ་དང་ འཕྲུལ་མེ་འབག་སྟེ་ …

རྒྱས་པར་ལྷག། »

དགེ་ལེགས་ཕུག་ ཨའི་པོ་ལི་རོང་ཆུའི་ལྕགས་ཟམ་ སྤྱི་ལོ་༢༠༡༩ ལུ་ཡང་ ཐེངས་༢ རམ་ཡོདཔ།

༉ འདས་པའི་ཉིནམ་༢ ཀྱི་རིང་ དགེ་ལེགས་ཕུག་ལུ་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ཁ་ཙ་ ནང་འཁོད་གནམ་གྲུ་ཐང་གི་ ཉེ་འདབས་ལུ་ཡོད་མི་ ཨའི་པོ་ལི་རོང་ཆུའི་ ལྕགས་ཟམ་དེ་ རམ་ཡོདཔ་ཨིན་པས། གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ རོང་ཆུ་བྲེས་མི་ལུ་བརྟེན་ ཆུ་རུད་ཐོན་ནུག་ཟེར་ཨིནམ་ད་ བྱུང་རྐྱེན་དེ་ནང་ མི་ལུ་གནོད་སྐྱོན་ཚུ་ ག་ནི་ཡང་ མ་བྱུངམ་ཨིན་པས། …

རྒྱས་པར་ལྷག། »

གསོ་བའི་ཞབས་ཏོག་ ཡར་དྲག་གཏང་ཐབས་ལུ་ ཡན་ལག་སྨན་ཁང་ཚུ་ བཟོ་སྐྲུན་འབད་ནི།

༉ ཁྲོམ་སྡེ་ཚུ་ནང་ མི་མང་གི་ གཟུགས་ཁམས་འཕྲོད་བསྟེན་བདག་འཛིན་དང་ གསོ་བའི་ཞབས་ཏོག་ཚུ་ སྤུས་ཚད་ཅན་སྦེ་ མཁོ་སྤྲོད་འབད་ནིའི་དོན་ལུ་ གསོ་བ་ལྷན་ཁག་དང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ ཁྲོམ་སྡེ་ཕྱི་ཁར་ ཡན་ལན་སྨན་ཁང་ཚུ་ བཟོ་སྐྲུན་འབད་ནི་ཨིན་པས། ཡན་ལག་སྨན་ཁང་ཚུ་ གཞི་བཙུགས་འབད་ནི་དེ་ གསོ་བའི་གོང་འཕེལ་ལས་རིམ་གྱི་ ཆ་ཤས་ཅིག་ཨིནམ་ད་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ དངུལ་ཀྲམ་དུང་ཕྱུར་༡.༤ …

རྒྱས་པར་ལྷག། »

དགེ་ལེགས་ཕུག་ཁྲོམ་ཁར་ ཕྱི་མི་ཚུ་གིས་བཙུགས་མི་ ཚོང་ཁང་ཚུ་ སྒོ་བསྡམ་དགོཔ་བྱུང་དོ་ཡོདཔ།

༉ དགེ་ལེགས་ཕུག་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ མ་ཐོན་པར་ལོ་༡ དེ་ཅིག་ ལང་ནི་འབད་དོ་ཡོདཔ་ལས་ མ་འོངས་པ་ལུ་ ཚོང་འབྲེལ་སྦོམ་འཐབ་ནིའི་ འོས་འབབ་སྦོམ་ཡོད་མི་ཚུ་ འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན་པས། ནད་ཡམས་ཤོ་ཐེངས་༣ པ་ འཐོན་ནིའི་ཉེན་ཁ་ཡོདཔ་ལས་ ཁྲོམ་ཁར་ཚོང་ཁང་བཙུགས་མི་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ ཧེ་མའི་ གནས་སྟངས་ཐོག་ལུ་ མགྱོགས་པར་ལྷོད་ནི་བཟུམ་ཅིག་མེདཔ་ལས་ …

རྒྱས་པར་ལྷག། »

གཟུགས་ཀྱི་ནང་ཁོང་བརྟག་དཔྱད་ཀྱིས་ མི་སེར་ཚུ་ལུ་ཕན་ཁྱད།

༉ བསམ་གྲུབ་ཆོས་གླིང་དྲུང་ཁག་སྨན་ཁང་གིས་ གཟུགས་ཀྱི་ནང་ཁོང་བརྟག་དཔྱད་མཁོ་ཆས་ ཨཱལ་ཊཱ་ས་འུནཌ་གི་ ཞབས་ཏོག་བྱིན་ནི་ འགོ་བཙུགས་ཡོདཔ་ལས་ ད་ལས་ཕར་ མི་སེར་ཚུ་  བདེ་བ་ཐང་ ཡང་ཅིན་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ འགྱོ་དགོཔ་ མི་འཐོན་ནི་ཨིན་པས། དྲུང་ཁག་སྨན་ཁང་གིས་ དུས་ཅི་ སྤྱི་ཟླ་༣ པ་ལས་ ཨཱལ་ཊཱ་ས་འུནཌ་ཐོག་ལས་ ཁོང་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ད་ …

རྒྱས་པར་ལྷག། »

སྦས་གླིང་སློབ་གྲྭའི་ སློབ་ཕྲུག་བུཚ་༣ ཆུ་རུད་ཀྱིས་ འཕྱགས་བདའ་ཡོད་པའི་དོགས་པ།

༉ སྤྱི་ཟླ་༨ པའི་ཚེས་༨ ཀྱི་ ཉིན་མ་ཁམས་ཅིག་ལུ་ བཀྲིས་གཡང་རྩེ་ སྦས་གླིང་སློབ་གྲྭའི་ སློབ་ཕྲུག་བུཚ་༣ ཆུ་རུད་ཀྱིས་ འཕྱགས་བདའ་ཡོད་པའི་ དོགས་པ་ཡོདཔ་བཞིན་དུ་ ད་ལྟོ་ཡང་ འཚོལ་མ་ཐོབ་པར་འདུག། ཁ་ཙ་ ཁྲིམས་སྲུང་འགག་པ་དང་ བདེ་སྲུངཔ་ སློབ་གྲྭའི་སློབ་དཔོན་ དེ་ལས་ ཁས་བླངས་པ་ཚུ་འབདཝ་ད་ མི་གྲངས་༧༠ …

རྒྱས་པར་ལྷག། »

རྒྱལ་ཡོངས་ཀིར་ཀེཊ་སྡེ་ཚན་གྱི་ རྩེད་འགྲན་པ་གཞོན་ཤོས།

༉ སྐྱེས་ལོ་༡༤ ལང་མི་ ངག་དབང་ཆོས་སྒྲོན་གྱིས་ ཆུང་ཀུའི་བསྒང་ལས་ར་ རྒྱལ་ཡོངས་ཀིར་ཀེཊ་རྩེད་འགྲན་འབད་ཡོདཔ་ཨིན་པས། མོ་གིས་ མགྱོགས་པར་ར་ མ་ལེ་ཤི་ཡ་ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་སྤྱི་ཨམ་སྲུའི་ཀིར་ཀེཊ་རྩེད་འགྲན་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ བུམོ་༡༡ དང་གཅིག་ཁར་ སྦྱང་བ་འབད་དོ་ཡོདཔ་ཨིན་པས། མོ་ར་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༠ པའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ཨིན་རུང་ …

རྒྱས་པར་ལྷག། »

སྤྲིང་ཟམ་མ་སྒྲུབ་ལས་ར་ ཟམ་གྱི་གཡས་གཡོན་ལུ་ སེར་གུ་ཐོན་ཡོད་པའི་ཚ་གྱང་།

༉ སྟངས་རྒེད་འོག་ སྤྲ་ལང་གི་མི་ཚུ་ སྤྲིང་ཟམ་བཟོ་སྐྲུན་འབད་དོ་ཡོད་མི་དེ་ མཇུག་མ་བསྡུཝ་ལས་ར་ ཟམ་གྱི་གཡས་གཡོན་ལུ་ སེར་གུ་ཐོན་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་འདུག། ཟམ་དེ་ཡང་ སྤྲ་ལང་གི་མི་སེར་ཚུ་གི་ ས་ཞིང་ཚུ་ ཆུ་ཕར་ཁར་ཡོདཔ་ལས་ ལོ་ཐོག་བསྡུ་ལེན་འབད་ནི་དང་ ནོར་སེམས་ཅན་ཚུ་ ཕར་ཚུར་བསྐྱལ་ནིའི་དོན་ལུ་ རྐྱབ་དོ་ཡོདཔ་ད་ ཟམ་དེ་གི་གནས་སྟངས་ལུ་བལྟ་སྟེ་ མི་ཚུ་ ཉེན་སྲུང་གི་ཚ་གྱང་ལང་དོ་ཡོདཔ་ཨིན་པས། …

རྒྱས་པར་ལྷག། »

ཨའུ་མཚོ་ཁྲོམ་ནང་ཚུད་མི་ སྒེར་སའི་ཇོ་བདག་ཚུ་ལུ་ ཁྱིམ་རྐྱབ་ཆོག་པའི་གནང་བ།

༉ ལྷུན་རྩེ་རྫོང་ཁག་ནང་ ས་ཆ་སྦོམ་སྦེ་ སྙོམས་ཏོག་ཏོ་ཡོད་པའི་ཁར་ མོང་སྒར་དང་ ལྷུན་རྩེའི་གཞུང་ལམ་སྦུག་ལུ་ རྒེད་འོག་གཞན་ཚུ་གི་ལྟེ་བ་ལུ་ ཆགས་ཡོད་ནི་དེ་གིས་ ཁྲོམ་གོང་འཕེལ་གྱི་དོན་ལུ་ འོས་འབབ་སྦོམ་ཡོད་མི་ ཨའུ་མཚོ་ཁྲོམ་གྱི་ཚོང་པ་ཚུ་ ལོ་༣ དེ་ཅིག་ བསྒུག་སྡོད་པའི་ཤུལ་ལས་ རྫོང་ཁག་བདག་སྐྱོང་གིས་ འཕྲལ་ཁམས་ཅིག་ཁར་ ཁྱིམ་རྐྱབ་ཆོག་པའི་གནང་བ་ བྱིན་ཡོདཔ་ཨིན་པས། ཁྲོམ་གྱི་ ཚོང་འབྲེལ་ས་ཁོངས་ནང་ཚུན་ …

རྒྱས་པར་ལྷག། »