གནས་ཚུལ་དང་པ།

ཕོབ་སྦྱིས་ཁ་དང་ སྒང་སྟེང་ལུང་གཤོང་གི་ ཁྲུང་ཁྲུང་སྐེ་ནག་ པདྨ་དང་ཀརྨའི་ལོ་རྒྱུས།

༉ སྤྱི་ལོ་༢༠༡༦ ལུ་ ཁྲུང་ཁྲུང་སྐེ་ནག་ ཀརྨ་གི་ལོ་རྒྱུས་དེ་ སྒང་སྟེང་དང་ ཕོབ་སྦྱིས་ཁ་གི་ ཁྲུང་ཁྲུང་འཁྱམས་སའི་ས་ ཁོངས་ནང་ རྨ་སྐྱོན་བྱུང་ཡོདཔ་སྦེ་ མཐོང་བའི་ཤུལ་ལས་ འགོ་བཙུགས་ཡོདཔ་ཨིན་པས། ཀརྨ་དེ་ གཤོག་སྒྲོ་ལུ་ རྨ་སྐྱོན་བྱུང་ནི་དེ་གིས་ འཕུར་མ་ཚུགས་པར་ལུས་ཡོདཔ་ད་ སྤྱི་ལོ་༢༠༡༦ ཟླ་༡ པ་ལས་འགོ་ བཙུགས་ …

རྒྱས་པར་ལྷག། »

ཨེ་པཱལ་ཕྱིར་ཚོང་འཐབ་མ་ཚུགས་པའི་སྐབས་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་གིས་ རྒྱབ་སྐྱོར་འབད་ཡོདཔ།

༉ ནད་ཡམས་ལུ་བརྟེན་ སྤ་རོ་དང་ ཐིམ་ཕུག་ དེ་ལས་ ཧཱ་གི་སོ་ནམ་པ་ཚུ་གིས་ ཨེ་པཱལ་ཆུང་ཀུའི་རིགས་ཚུ་ ཕྱིར་ཚོང་འཐབ་མ་ཚུགས་པའི་གནས་སྟངས་ནང་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་གིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས། དེ་ཡང་ བཟོ་གྲྭ་འཕྲུལ་ཁང་དེ་གིས་ དུས་ཅི་ ཨེ་པཱལ་མེ་ཊིག་ཊཱོན་༥༡༩ དེ་ཅིག་ ཉོ་ནིའི་འཆར་གཞི་ཡོདཔ་བཞིན་དུ་ ཁ་ཙ་ མེ་ཊིག་ཊཱོན་༤༣༢ ཉོ་ཡོད་པའི་ཁར་ ད་རུང་ …

རྒྱས་པར་ལྷག། »

འཇིགས་མེད་གླིང་ བཟོ་གྲྭའི་ས་ཁོངས་ནང་ གློག་མེ་བཀྲམ་སྤེལ་གྱི་ལཱ་ འགོ་བཙུགས་ཡོདཔ།

༉ གསར་སྤང་རྫོང་ཁག་ འཇིགས་མེད་གླིང་ལུ་ཡོད་པའི་ བཟོ་གྲྭ་ས་ཁོངས་ནང་ གློག་མེ་བཀྲམ་སྤེལ་འབད་ནིའི་ ལཱ་འགོ་བཙུགས་ཡོདཔ་ཨིན་པས། ས་ཁོངས་ནང་ གློག་ཤུགས་ག་དེམ་ཅིག་ དགོཔ་ཡོདཔ་ཨིན་ནའི་ སྔོན་རྩིས་གཏོན་ནིའི་དོན་ལུ་ སྔོན་འགྲོའི་བརྟག་ཞིབ་དེ་ འདས་པའི་ཟླཝ་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། གློག་མེ་ཡན་ལག་བགོ་བཀྲམ་སྡེ་ཕྲན་གྱི་ འགོ་དཔོན་དང་འཁྲིལཝ་ད་ བཟོ་གྲྭའི་ས་ཁོངས་ནང་ གློག་མེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ ཀི་ལོ་ཝཊ་༡༣༠ འབད་མི་ གློག་མེ་བཀྲམ་སྤེལ་འབད་ནིའི་ …

རྒྱས་པར་ལྷག། »

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ ཁས་བླངས་པ་ཚུ་ལུ་ ནི་ཀོ་ཊེགསི་ཟེར་མི་ ཏམ་ཁུ་ནང་གི་རྫས་སྦྱོར་ཡོད་པའི་ རྨུ་ནིའི་སྨན་ལེབ་དེ་ བྱིན་དོ་ཡོདཔ་ཨིན་པས། …

རྒྱས་པར་ལྷག། »

ཀེ་བ་ཕྱིར་ཚོང་འཐབ་མ་ཚུགས་པའི་ གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་གིས་ ཀེ་བ་ཕྱིར་ཚོང་འཐབ་མ་ཚུགས་པའི་ གདོང་ལེན་བྱུང་སྟེ་ བདུན་ཕྲག་༡ ལྷགཔ་ཅིག་ ལང་ནུག་ཟེར་ཞུ་ནི། དེ་ཡང་ ག་འཆརཔ་ཟེར་བ་ཅིན་ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ བཟའ་ཆས་ཉེན་སྲུང་གི་ ཆོག་ཐམ་དགོ་ཟེར་སླབ་སྟེ་ བསམ་གྲུབ་ལྗོངས་མཁར་གྱི་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ལས་ ཀེ་བ་འབག་མི་ སྣུམ་འཁོར་ཊཱག་ཚུ་ …

རྒྱས་པར་ལྷག། »

ལས་འགུལ་ཐོག་གི་ གྲོགས་རམ་མ་དངུལ་ས་ཡ་༢༨,༠༠༠ གཞུང་འབྲེལ་དུ་ གནང་བ་གྲུབ་ཡོདཔ།

༉ ཁ་ཙ་ འབྲུག་དང་ རྒྱ་གར་གྱི་བར་ན་ མཉམ་འབྲེལ་གོང་འཕེལ་ཞལ་འཛོམས་ཐེངས་༣ པའི་ གྲོས་ཆོད་གུ་ མཚན་རྟགས་བཀོད་མི་དང་བསྟུན་ རྒྱ་གར་གཞུང་གིས་ འབྲུག་པའི་འཆར་གཞི་༡༢ པའི་ ལས་འགུལ་ཐོག་གི་གྲོགས་རམ་མ་དངུལ་ དངུལ་ཀྲམ་ཐེར་འབུམ་༢༨,༠༠༠ འབད་མི་དེ་ གཞུང་འབྲེལ་ཐོག་ གནང་བ་གནང་ཡོདཔ་ཨིན། ཕྱི་འབྲེལ་ལྷན་ཁག་གི་ ཞལ་འཛོམས་ཁང་ནང་སྦེ་ གྲོས་ཆོད་གུ་ མཚན་རྟགས་དེ་ཡང་ …

རྒྱས་པར་ལྷག། »

སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ བརྒྱ་ཆ་༢༦.༣༧ གྱིས་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༣,༩༡༢ ཀྱིས་ ཞི་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་ཡོད་རུང་ བརྒྱ་ཆ་༢༦.༣༧ རྐྱངམ་གཅིག་གིས་ སྐུགས་ཚད་བརྒྱ་ཆ་༥༠ ཡན་ཆད་ཐོབ་སྟེ་ མཐར་འཁྱོལ་བྱུང་ནུག། སྔོན་འགྲོའི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཁ་ཙ་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ སྔོན་འགྲོའི་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་བྱུང་མི་༡,༠༢༨ ཀྱིས་ ས་སྟོང་༥༡༢ …

རྒྱས་པར་ལྷག། »

སྐྱབས་རྗེ་མཆོག་གིས་ མཁན་པོ་ཀརྨ་བློ་གྲོས་ལུ་ སྟོད་རྒྱན་འཇིམ་གནང་ཡོདཔ།

༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུ་ན་ཁ་ རྒན་བཞུགས་སྐྱིད་པའི་གླིང་ལུ་སྦེ་ མཁན་པོ་ཀརྨ་བློ་གྲོས་ལུ་ བཀྲིས་ལེགས་དར་དང་ སྟོད་རྒྱན་འཇིམ་གནང་ཡོདཔ་ཨིན་པས། སྐྱབས་རྗེ་མཆོག་གིས་ དེ་བཟུམ་མའི་ དམིགས་བསལ་གཟེངས་རྟགས་ གནང་དགོ་མི་དེ་ཡང་ སྐྱེས་ལོ་༥༩ ལང་མི་ མཁན་པོ་ཀརྨ་བློ་གྲོས་ཀྱིས་ ད་ལྟོ་ཚུན་ བསྟན་པ་དང་སེམས་ཅན་གྱི་མཐའ་དོན་ལུ་ འགྱུར་ལྡོག་མེད་པའི་ ཕྱག་དང་ཞབས་ཏོག་ཚུ་ གང་དྲག་ཞུ་མི་ལུ་བརྟེན་ཏེ་ …

རྒྱས་པར་ལྷག། »

འབྲུག་ལས་འགོ་དང་པ་ ཨཱན་ཇུ་གུ་རུང་གིས་ རྒྱལ་སྤྱི་ཀི་རི་ཀེཊ་རྩེད་འགྲན་འབད་ནི།

༉ སྐྱེས་ལོ་༢༨ ལང་མི་ ཨཱན་ཇུ་གུ་རུང་གིས་ རྒྱལ་སྤྱི་རྒྱལ་ཁབ་ཚུ་ནང་ ཀི་རི་ཀེཊ་རྩེད་འགྲན་འབད་ནི་དེ་ འབྲུག་ལས་ ཨམ་སྲུ་འགོ་དང་པ་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༢༢ ཟླ་༥ པའི་ནང་ རྒྱ་ནག་རྒྱལ་ཁབ་ ཧཱོང་ཀཱོང་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནིའི་ གོ་སྐབས་ཐོབ་སྟེ་འདུག། འབྲུག་གི་ ཨམ་སྲུ་ཀི་རི་ཀེཊ་ཚོགས་པའི་ འགོ་ཁྲིདཔ་འོགམ་ ཨཱན་ཇུ་གུ་རུང་གིས་ …

རྒྱས་པར་ལྷག། »

མོང་སྒར་ལུ་ གླ་འཁོར་ཚུ་གིས་ གླ་ཆ་ཐེབས་ལེན་དོ་ཡོད་པའི་ཉོགས་བཤད།

༉ མོང་སྒར་རྫོང་ཁག་ནང་ གླ་འཁོར་ནང་ འགྲོ་འགྲུལ་འབད་མི་ཚུ་གིས་ གླ་འཁོར་ལ་ལོ་ཅིག་གིས་ གླ་ཆ་ཐེབས་ལེན་དོ་ཡོད་པའི་སྐོར་ལས་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས། མོང་སྒར་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་ལས་ རྟ་མགྲིན་དཔལ་བཟང་གིས་ སླབ་མིའི་ནང་ མོང་སྒར་ལས་ གཏོར་མ་གཞོང་ཚུན་ ཀི་ལོ་མི་ཊར་༣༠ མ་ལང་པའི་ས་ཁར་ འགྲོ་འགྲུལ་འབདཝ་ད་ མི་རེ་ལུ་ གླ་ཆ་དངུལ་ཀྲམ་༢༠༠ རེ་ …

རྒྱས་པར་ལྷག། »