བ་ལམ་ནང་ལས་ སྐྱེས་ལོ་༦༤ ལང་མི་ རྡོ་ལེགས་དང་ སྐྱེས་ལོ་༥༣ ལང་མི་ ཆོས་སྒྲོན་དེ་ ཚོགས་རྒྱན་བཙུགས་པར་ ཧཱ་ས་དམར་ཚོགས་རྒྱན་ས་ཁོངས་ནང་འོང་ནུག།

ཨྱོན་རྣམ་རྒྱལ་གྱིས་ ཧཱ་གི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ གསང་སྦས་ཁ་ མོ་ཆུ་ལས་ སྐྱེས་ལོ་༣༥ ལང་མི་ ཨྱོན་རྣམ་རྒྱལ་གྱིས་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འབད་བའི་སྐབས་ ཚོགས་རྒྱན་བསྡོམས་༡༧༣༠ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

ད་ལྟོ་ རྒྱལ་ཡོངས་ཚོགས་སྡེ་ནང་ ཕྱག་ཞུ་བའི་བསྒང་ཡོད་མི་ སྦྱིས་རྒེད་འོག་ལས་ ཚེ་རིང་རྡོ་རྗེ་གིས་ ཚོགས་རྒྱན་༡༥༧༣ ཐོབ་ཡོདཔ་ཨིན་པས།

ས་དམར་ལས་ ངག་དབང་སྟོབས་རྒྱས་ཀྱིས་ ཚོགས་རྒྱན་བསྡོམས་༩༩༤ ཐོབ་ཡོདཔ་ད་ དེ་ཡང་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༨༣༣ དང་ འགྲེམ་ཐོག་ཚོགས་རྒྱན་༡༦༡ ཐོབ་ཡོདཔ་ད་ ཁོ་གི་ཤུལ་ལས་ར་ ཧཱ་ཁྲོམ་ལས་ སྟོབས་རྒྱས་ཀྱིས་ ཚོགས་རྒྱན་བསྡོམས་༧༦༢ ཐོབ་ཡོདཔ་ད་ དེ་ཡང་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༦༢༠ དང་ འགྲེམ་ཐོག་ཚོགས་རྒྱན་༡༤༢ ཐོབ་ཡོདཔ་ཨིན་པས།

སྐྱེས་ལོ་༨༦ ལང་མི་ དཔལ་ལ་རྡོ་རྗེ་གིས་ སླབ་མིའི་ནང་ འདེམས་ངོ་༤ པོ་ཆ་ར་ ལྕོགས་གྲུབ་ཡོད་རུང་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ རག་ལས་པས་ཟེར་ཨིནམ་ད་ གྲུབ་འབྲས་བཏོན་པའི་སྐབས་ འདེམས་ངོ་ཚུ་ ས་ཁོངས་ནང་ མེདཔ་ཨིན་པས།

ཚ་འཕེལ་འབྲིང་རིམ་སློབ་གྲྭ་འོག་མའི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་བཙུགས་པར་འོང་མི་ སྐྱེས་ལོ་༧༠ དོན་གྲངས་ནང་འབད་མི་ ཕོ་སྐྱེས་ཅིག་ ཧེ་མ་ལས་ར་ འགྲེམ་ཐོག་ཚོགས་རྒྱན་ནང་ ཐོ་བཀོད་འབད་ཚར་ཡོདཔ་མ་གཏོགས་ སྟབས་མ་བདེཝ་གཞན་ ག་ནི་ཡང་ མ་ཐོནམ་ཨིན་པས།

ཚོགས་རྒྱན་བཙུགས་མི་ ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ མི་སེར་གྱི་ དཀའ་ངལ་དང་ གདོང་ལེན་ཚུ་ སེལ་ཐབས་འབད་ནི་ལུ་ ལཱ་འབད་ནི་དེ་ ཁག་ཆེ་དྲགས་ཅིག་ཨིན་ཟེར་ཨིན་པས།

ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༧༦༥༨ ཡོད་མི་ལས་༥༠༥༩ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།

སྦྱིས་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༨༥༥ ཡོད་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ར་ སྐར་ཚོགས་ལུ་༧༩༣ ཡོདཔ་ད་ ཚོགས་རྒྱན་བཙུགས་མི་ དམའ་ཤོས་ར་ དགའ་སྐྱིད་གླིང་ལུ་༥༢༦ འབད་མི་དེ་ཨིན་པས།

ངོས་ལེན་འགོ་དཔོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༡༡༩༠ ཐོབ་ཡོད་མི་ལས་༡༡༡༩ ཆ་འཇོག་འབད་ཡོདཔ་ད་༧༡ ཆ་མེད་བཏང་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *