ཨོ་རྒྱན་ཨེ་ཀ་ཌ་མི་(ཁེན་འཇར་ཧོནམོ་)དང་ སྒོ་མོ་ཨེཕ་སི་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།

ཨོ་རྒྱན་ཨེ་ཀ་ཌ་མི་གིས་ སྒོ་མོ་ཨེཕ་སི་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཡོདཔ།


༉ སྤྱི་ཟླ་༩ པའི་ཚེས་༡༥ ལུ་ སྤུ་ན་ཁ་ ཨོ་རྒྱན་ཨེ་ཀ་ཌ་མི་གི་ ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ཨོ་རྒྱན་ཨེ་ཀ་ཌ་མི་སྡེ་ཚན་དང་ སྒོ་མོ་ཨེཕ་སི་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ ཨོ་རྒྱན་ཨེ་ཀ་ཌ་མི་གིས་ གཱོལ་༦ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ སྒོ་མོ་གིས་ གཱོལ་ཕུད་རྡོག་༡ ཡང་ བཙུགས་མ་ཚུགས།

སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡ མ་འགྱོཝ་ལས་ ཨོ་རྒྱན་ཨེ་ཀ་ཌ་མི་ལས་ ཀརྨ་ཚུལ་ཁྲིམས་ཀྱིས་ གཱོལ་དང་པ་ བཙུགས་ཡོདཔ་བཞིན་དུ་ སྐར་མ་༣༥ ལངམ་ད་ གཱོལ་༢ པ་བཙུགས་ཡི།

བར་མཚམས་ངལ་གསོ་ མ་ལེན་པའི་ཧེ་མར་ ཨོ་རྒྱན་ཨེ་ཀ་ཌ་མི་གིས་ གཱོལ་༢ བཙུགས་ཡོད་རུང་ སྒོ་མོ་གིས་ གཱོལ་བཙུགས་མ་ཚུགསཔ་ད་ ངལ་གསོ་གི་ཤུལ་ལས་ ཀརྨ་ཚུལ་ཁྲིམས་ཀྱིས་ གཱོལ་༢ དང་ ཆུ་མ་ཌི་ ལེཔ་ཅ་གིས་ གཱོལ་༢ རེ་ འགྲན་འདྲ་བཙུགས་ཐོག་ལས་ བྱང་ཕྱད་སྡེ་ཚན་ ཕམ་བཏང་ནུག།

སྒོ་མོ་ཨེཕ་སི་སྡེ་ཚན་གྱིས་ཡང་ རྩ་འགེངས་ཏེ་ དོ་འགྲན་འབད་ཡོད་རུང་ གཱོལ་༡ ཡང་ བཙུགས་མ་ཚུགས་པར་ ཕམ་སོཔ་ལས་ ལིག་སྐོར་ཐེངས་༢ པ་ རྩེད་འགྲན་མཇུག་བསྡུ་ནི་ལུ་ སྡེ་ཚན་དེ་གིས་ ད་རུང་ སྡེ་ཚན་༣ དང་མཉམ་ རྩེད་འགྲན་འབད་དགོཔ་ཨིན་པས།

འབྲུག་དངུལ་ཁང་གི་ བྷུ་ཊཱན་ཕུཊ་བཱོལ་པེ་མི་ཡར་ལིག་༢༠༢༡ ཅན་མའི་ནང་ སྡེ་ཚན་༡༠ གྱིས་ བཅའ་མར་གཏོགས་ཡོད་མི་ལས་ སྐོར་ཐེངས་༡༦ གི་ རྩེད་འགྲན་མཇུག་བསྡུཝ་ད་ སྒོ་མོ་ཨེཕ་སི་གིས་ སྐུགས་༤ ཐོབ་སྟེ་ ཨང་༩ པ་ཐོན་ཡོདཔ་ད་ ཨང་༡༠ པ་དེ་ དགེ་ལེགས་ཕུག་ཨེཕ་སི་གིས་ སྐུགས་༣ ཐོབ་སྟེ་འདུག།

སྐོར་ཐེངས་༡༦ མཇུག་བསྡུཝ་ད་ ཐིམ་ཕུག་སི་ཊི་ཨེཕ་སི་དང་ སྤ་རོ་ཨེཕ་སི་སྡེ་ཚན་༢ ལུ་ སྐུགས་༤༡ རེ་ འདྲན་འདྲ་ཐོབ་ཡོད་རུང་ གཱོལ་གྱི་ཁྱད་པར་ལུ་བརྟེན་ ཨང་དང་པ་དེ་ ཐིམ་ཕུག་སི་ཊི་གིས་ ཐོན་ནུག།

སྐུགས་༣༧ ཐོབ་སྟེ་ ཨང་༣ པ་དེ་ ཊཱནསི་ཕོཊ་ཡུ་ནའེ་ཊེཊ་དང་ ཧའེ་ཀོ་ལི་ཊི་ ཡུ་ནའེ་ཊེཊ་གིས་ སྐུགས་༣༡ འབྲུག་ལྷ་ཡུལ་གྱིས་ སྐུགས་༣༠ ཐོབ་སྟེ་ ཨང་༥ པ་ཐོན་ཡོདཔ་ཨིན་པས།

ཨོ་རྒྱན་ཨེ་ཀ་ཌ་མི་གིས་ སྐུགས་༡༩ ཐོབ་སྟེ་ ཨང་༦ པ་དང་ བསྟན་སྲུང་གིས་ སྐུགས་༡༦ ཐོབ་སྟེ་ཨང་༧ པ་ དེ་ལས་ སྤ་རོ་རིན་སྤུངས་ཀྱིས་ སྐུགས་༦ ཐོབ་སྟེ་ ཨང་༨ པའི་ནང་ ལྷོད་ཡོད་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *