ཨ་ལོ་གཅེས་སྐྱོང་གི་ ཞིབ་འཚོལ་སྙན་ཞུ་ གསལ་ཞུ་འབད་བའ་ིབསྒང་།

ཨ་ལོ་སྐྱེས་ལོ་༠ ལས་༣ ཚུན་ལུ་ གཅེས་སྐྱོང་གོང་འཕེལ་གཏང་ནིའི་ལས་རིམ་ འགོ་འདྲེན་འཐབ་ཡོདཔ།

༉ གསོ་བའི་ལྷན་ཁག་དང་ ཨ་ལོ་ཉེན་སྲུང་ཡིག་ཚང་༢ མཉམ་འབྲེལ་ཐོག་ སྤྱི་ལོ་༢༠༡༧ ལས་ སྤ་རོ་དང་ སྤུ་ན་ཁ་རྫོང་ཁག་༢ ནང་ ཨ་ལོ་སྐྱེས་ལོ་༠ ལས་༣ ཚུན་གྱི་དོན་ལུ་ གཅེས་སྐྱོང་གོང་འཕེལ་གྱི་ ལས་འགུལ་ཅིག་གཞི་བཙུགས་འབད་ཡོདཔ་ཨིན་པས།
ཨ་ལོ་ཉེན་སྲུང་ཡིག་ཚང་གི་ རིག་པ་གོང་འཕེལ་གཏང་ནིའི་ ལས་རིམ་དེ་ འབྲུག་ལུ་ འགོ་དང་པ་ཨིནམ་ད་ ལས་རིམ་དེ་གིས་ ཕམ་ཚུ་གི་རྒྱུད་ལུ་ ཨ་ལོ་ཚུ་ལུ་དགོ་པའི་ རིག་པ་དང་ རིག་རྩལ་ དེ་ལས་ དགོས་མཁོ་ཅན་གྱི་ གནད་དོན་ཚུ་ གོང་འཕེལ་གཏང་ཐབས་ལུ་ བསླབ་སྟོན་བྱིན་ཡོདཔ་ཨིན་པས།
སྐྱེས་ལོ་༠ ལས་༣ ཚུན་འབད་མི་ ཨ་ལོ་གཅེས་སྐྱོང་ལས་རིམ་དེ་ ཨ་ལོའི་གཟུགས་ཁམས་དང་ ཟས་བཅུད་ལྡན་ ཉེན་སྲུང་འབད་ནི་ ཆུང་ཀུའི་བསྒང་ལས་ སེམས་ཤུགས་བསྐྱེད་བཅུག་ནི་ ཨ་ལོ་གོང་འཕེལ་གཏང་ནིའི་ གནས་དོན་༤ དང་ གསོ་བའི་ལྷན་ཁག་ནང་ཡོད་པའི་ སི་ཕོར་སི་ཌི་པིས་ཟེར་ ཨ་ལོ་གོང་འཕེལ་གྱི་ གཅེས་སྐྱོང་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་འགུལ་དེ་གིས་ གཞི་རྟེན་སྨན་ཁང་གི་ གསོ་བའི་ལས་བྱེདཔ་ཚུ་ལུ་ སློབ་སྦྱོང་བྱིན་ཞིནམ་ལས་ གསོ་བའི་ལས་བྱེདཔ་ཚུ་ ལོ་གཅིག་གི་རིང་ སྤ་རོ་དང་ སྤུ་ན་ཁ་ལུ་ དབྱེ་སྡེ་༡༢ ཀྱི་ཐོག་ལུ་ ཨ་ལོའི་རིག་པ་གོང་འཕེལ་གཏང་ནི་དང་ ཨ་ལོའི་གཟུགས་ཁམས་འཕྲོད་བསྟེན་དང་ ཉེན་སྲུང་ དེ་ལས་ ཞི་བདེ་དང་ ཕན་ནུས་ཅན་གྱི་ སྒྲིག་གཞི་གི་ཐབས་ལམ་ཚུ་ བསླབ་སྟོན་འབད་ཡོདཔ་ཨིན་པས།
ལས་རིམ་ནང་ དབྱེ་སྡེ་ཁག་༡༢ ཡོད་པའི་གྲས་ལས་ སྡེ་ཚན་༧ དེ་ ཨ་ལོའི་རིག་པ་གོང་འཕེལ་གཏང་ནིའི་དོན་ལུ་དང་ སྡེ་ཚན་༣ གཟུགས་ཁམས་དང འཕྲོད་བསྟེན་གྱི་དོན་ལུ་ དེ་ལས་ སྡེ་ཚན་༢ ཉེན་སྲུང་དང་ ཉེན་སྐྱོབས་ཀྱི་དོན་ལུ་ བསླབ་སྟོན་འབད་ཡོདཔ་ད་ ཟླ་རིམ་བཞིན་དུ་ གྲོས་འཛོམས་ཐེངས་༢ རེ་ འཚོགས་དོ་ཡོདཔ་ལས་ དུས་ཡུན་ཆུ་ཚོད་ཕྱེད་དང་༢ ཀྱི་རིང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ལས་རིམ་ནང་ བཅའ་མ་གཏོགས་མི་ཚུ་ སོ་ནམ་པ་འབདཝ་ལས་ དུས་རྒྱུན་གྱི་ལཱ་དང་ ཁ་ཐུག་རྐྱབ་མི་གིས་ བཅའ་མར་གཏོགས་མའི་ གྱངས་ཁ་གཏན་འཁེལ་མེད་པའི་ཁར་ བཙག་འཐུ་དང་ དུས་མཉམ་ཕོག་ནི་དེ་གིས་ རེའུ་མིག་ལྟར་དུ་འབད་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།
ཨ་ལོ་གཅེས་སྐྱོང་པ་ སྤ་རོ་ལས་༢༡ དང་ སྤུ་ན་ཁ་ལས་༢༣ གྱིས་ ཨ་ལོའི་ཕམ་༣༢༢ ལུ་ ལས་རིམ་གྱི་ ཕན་ནུས་ལྟ་རྟོག་འབད་ཡོདཔ་ད་ ཞིབ་འཇུག་ནང་ ཕམ་ཚུ་གིས་ ཨ་ལོའི་དོན་ལུ་ སྲུང་གི་ཀི་དེབ་མངམ་ ལག་ལེན་འཐབ་པའི་ཁར་ རང་སོའི་ཁྱིམ་ནང་ བཟོ་སྐྲུན་འབད་མི་ རྩེདམོ་གི་ཅ་ཆས་ཚུ་ ལག་ལེན་འཐབ་དོ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ཞིབ་འཚོལ་ནང་ ཕམ་ཚུ་གིས་ ཁྱིམ་ནང་ ཨ་ལོ་ཚུ་ལུ་ སྲུང་གཏང་ནི་དང་ ལྷབ་ནི་ དེ་ལས་ གྲངས་རྩིས་སྟོན་ནི་ སྒྲིག་བཙུགས་ནི་ཚུ་ལུ་བརྟེན་ ཨ་ལོའི་བྱ་སྤྱོད་ གྱུར་བ་འགྱོ་དོ་ཡོདཔ་ཨིན་པས།
ལས་རིམ་དེ་ དངོས་སུ་ལག་ལེན་འཐབ་པའི་ ལས་སྣ་ཚུ་ཡོདཔ་ད་ བཅའ་མར་གཏོགས་མི་ཚུ་གི་བར་ན་ གྲལ་གཏོགས་དང་ ལྟ་རྟོག་ལེགས་ཤོམ་ཡོདཔ་ལས་ ཕྱི་ཁར་རྩེདམོ་རྩེ་ནི་དེ་ སྤྲོ་བ་ཅན་ཅིག་ཨིནམ་སྦེ་ གསལ་ཞུ་འབད་ནུག།
མ་འོངས་པའི་ནང་ ལས་རིམ་དེ་ རྒྱ་ཆེ་སུ་སྦེ་ འགོ་འདྲེན་འཐབ་དགོ་པའི་ཁར་ ས་གནས་མང་ཤོས་ཅིག་ནང་ འགོ་འདྲེན་འཐབ་དགོ་པའི་ རྒྱབ་སྣོན་ཕུལ་ཡོདཔ་ལས་ གསོ་བའི་ལྷན་ཁག་དང་ ཤེས་རིག་ལྷན་ཁག་ མཉམ་འབྲེལ་ཐོག་ལས་ ལས་རིམ་དེ་ གལ་ཅན་ཨིན་མི་ལུ་ རྒྱབ་སྐྱོར་གནང་ནིའི་ ཞལ་འཆམ་བྱུང་ཡོདཔ་ཨིན་པས།
ལས་རིམ་དེ་ འབྲུག་པའི་ཨ་ལོ་ཚུ་གི་ གཟུགས་ཁམས་འཕྲོད་བསྟེན་ནང་ འགྱུར་བ་འབྱུང་བཅུག་ཞིནམ་ལས་ ནུས་སྟོབས་དང་ལྕོགས་གྲུབ་ཅན་ དགའ་སྤྲོ་ཅན་གྱི་ མི་ཁུངས་ཅིག་བཟོ་ནིའི་དོན་ལུ་ འགོ་འདྲེན་འཐབ་ཡོདཔ་ལས་ དེ་གིས་ ཨ་ལོ་ཚུ་ ཁྱིམ་ནང་གི་གནས་སྟངས་དང་ ཕམ་དང་གཅིག་ཁར་ མཐུན་འབྲེལ་གོང་འཕེལ་གཏང་ནིའི་ནང་ ཕན་རླབས་བྱུང་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *