ཨ་ལོ་རྨས་སྐྱེས་ཅིག་ སྒོ་ཅུང་ནང་ལས་ བཀོག་བཏང་མིའི་གནད་དོན་ཐོག་ ཞིབ་དཔྱད་འབད་བར་བཏང་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ ཕུན་ཚོགས་གླིང་ལུ་ ཟ་ཁང་ཅིག་གི་ སྒོ་ཅུང་ནང་ལས་ ཨ་ལོ་རྨས་སྐྱེས་ཅིག་ བཀོག་བཏང་མིའི་ གནད་དོན་ཐོག་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ ཁྲིམས་སྲུང་འགག་པ་སྡེ་ཚན་ཅིག་ ཧཱ་སེར་ཏི་ན་གཡུས་ཚན་ནང་

ཞིབ་དཔྱད་འབད་བར་ བཏང་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ གནད་དོན་དེའི་སྐོར་ལས་ སླབ་མ་བཏུབ་རུང་ གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ སྐྱེས་ལོ་༣༨ ལང་མི་ སེར་ཏི་ན་སློབ་གྲྭ་ཆུང་བའི་ དབུ་འཛིན་འོགམ་དང་ སྐྱེས་ལོ་༢༨ ལང་མི་ སློབ་དཔོན་༢ པོ་དེ་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ དོ་དམ་ནང་ལས་ བཏང་ཡོད་པའི་ཁར་ སྐྱེས་ལོ་༢༤ ལང་མི་ སློབ་གྲྭའི་ཕྱགསམ་འཕྱག་མི་ ཨམ་སྲུ་དེ་ཡང་ བཏང་ཡོདཔ་ཨིན་པས།

ཁོང་༣ ཆ་ར་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ དགོས་འདོད་ཟ་ཁང་ནང་ གཅིག་ཁར་སྡོད་ཡོདཔ་བཞིན་དུ་ སྤྱི་ཟླ་འདི་གི་ ཚེས་༡༥ ལུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཁོང་༣ ཆ་ར་གིས་ ཨ་ལོ་དེ་ སྐྱེས་བའི་བསྒང་ལས་ར་ ཤི་སོ་ནུག་ཟེར་ སླབ་ཡོད་རུང་ ཚན་རིག་བརྟག་དཔྱད་འབད་མི་ཚུ་གིས་ ཨ་ལོ་དེ་ མ་ཤིཝ་སྦེ་སྐྱེས་ནུག་ཟེར་ སླབ་མི་ལུ་བརྟེན་ དམར་བསད་འབད་བའི་ དོགས་པ་ཡོད་ཟེར་ བཤད་ཡོདཔ་ཨིན་པས།

ཨམ་སྲུ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ཨ་ལོའི་ཨ་པ་དེ་ ཧཱ་ལུ་ཡོད་མི་ ནོར་རྫིཔ་ཅིག་ཨིནམ་སྦེ་ སླབ་ཡོད་རུང་ སྒྲུབ་བྱེད་མ་འཐོབ་པར་ཡོདཔ་ཨིན་པས།

གནས་སྟངས་ལུ་ལྟཝ་ད་ ཁོང་༣ ཆ་ར་ བྱ་ངན་ནང་ འབྲེལ་བ་ཡོད་པའི་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།

ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ བྱ་ངན་དེའི་སྐོར་ལས་ ཚན་རིག་བརྟག་དཔྱད་སྙན་ཞུ་ལུ་ སྒུག་དོ་ཡོདཔ་ལས་ དུས་ཡུན་ཟླཝ་དག་པ་ཅིག་ འགོར་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *