ཧཱ༌ལུ༌ རང༌ལུགས༌ཀྱི༌ ཁྱིམ༌༥ མེ༌གིས༌ འཚིགས༌ཡོདཔ།

༉ ཧཱ་ དབུས་སུ་རྒེད་འོག་ སྐྱིདཔ་རི་ལུ་ རང་ལུགས་ཀྱི་ཁྱིམ་ ཐོག་ཚད་༢ དང་༣ འབད་མི་༥ མེ་གིས་ འཚིགས་ཡོདཔ་ད་ མེ་རྐྱེན་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་ཕྱེད་དང་༣ དེ་ཅིག་ལུ་ བྱུང་ནུག།
མི་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ རྐྱེན་ངན་ག་ནི་ཡང་ མ་འབྱུང་རུང་ ཁྱིམ་ནང་ཡོད་པའི་ རྒྱུ་དངོས་ཚུ་ ཆ་མཉམ་ར་ ཐལ་བར་བརླགས་བཏང་ཡོདཔ་ད་ ད་ལྟོ་ ཁྱིམ་༥ གི་ བཟའ་ཚང་ནང་མི་༡༧ ཡོད་མི་ཚུ་ གནས་སྐབས་ཅིག༌གི༌དོན༌ལུ༌ སྤུབས་བཞག་མི་ གུར་ཚུ་ནང་སྡོད་དོ་ཡོདཔ་ད༌ བཞེས༌སྒོའི་ཐད་ཁར་ ཁོང་རའི་ ཉེ༌ཚན༌དང༌ ཁས༌བླངས༌པ༌ཚུ༌གིས༌ གྲོགས༌རམ༌ཐོག༌ལས༌ བྱིན༌དོ༌ཡོདཔ༌ཨིན༌པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་ཡིག་ཚང་གིས༌ ཉམས༌རྒུདཔ༌ཁྱིམ༌གུང་རེ༌ལུ༌ སེམས་གསོ་དངུལ་ཀྲམ་༡༠,༠༠༠ རེ་ གནང་ཡོདཔ་མ་ཚད་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ གློ་བུར་གྱུ་ཅ་ཆས་དང་ གསོ་བའི་ཞབས་ཏོག་ཚུ་ བྱིན་ཡོདཔ་ཨིན་པས།
ཧཱ་རྫོང་བདག་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ མེ་རྐྱེན་བྱུང་མིའི་སྐོར་ལས་ དགེ་སློང་ཅིག་གིས་ དྲོ༌པའི་ཆུ༌ཚོད༌༣ དེ༌ཅིག༌ལུ༌ བརྡ་ལན་འབདཝ་ད་ དེ་འཕྲོ་ལས་ ས་གནས་དེ་ཁར་ སོང༌ཡོདཔ་བཞིན་དུ་ ཁྱིམ་༥ གི་ མི་དང་ སྒོ་ནོར་སེམས་ཅན་ཚུ་ ཉེན་སྲུང་འབད་ཚུགས་རུང་ ཁྱིམ་ཚུ་ མེ་རྐྱེན་ལས་ ཉེན་སྲུང་འབད་མ་ཚུགས་ཟེར་ཨིན༌པས།
མེ་རྐྱེན་དེ་ ཧེ་མ་ར་ རང་ལུགས་ཀྱི་ ཐོག་ཚད་༢ འབད་མི་ ཁྱིམ་ཅིག་ལས་ འགོ་བཙུགས་པའི་ཤུལ་ལས་ གཞན་ཚུ་འཚིགས་ཡོདཔ༌ད༌ ཁྱིམ་༥ པོ་དེ་ གཅིག་ཁར་ཡོདཔ་ལས་ སྟབས༌གཅིག༌གུ་ འཚིགས༌ཡོདཔ༌ད་ རྫོང་བདག་ཀུན་བཟང་རྡོ་རྗེ་གིས་འབད་བ་ཅིན་ མེ་རྐྱེན་དེ་ གློག་མེ་ལུ་བརྟེན་ བྱུང་བྱུངམ་བཟུམ་ཅིག་ འདུག་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ བྱུང་རྐྱེན་དེ་ ཁ་གསལ་སྦེ་ སླབ་མི་ཤེས་དོ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ ཁྱིམ༌དེ་ཚུ༌ ཉེན༌བཅོལ༌འབད༌ ཡོདཔ༌ལས༌ འབྲུག༌ཉེན༌བཅོལ༌ལས༌ འཛིན༌གྱི༌ ལས༌བྱེདཔ༌ཚུ༌ཡང༌ ཞིབ༌དཔྱད༌ འབད༌བར༌ ལྷོད༌ ཡོདཔ༌ཨིན༌པས།
མེ་རྐྱེན་བྱུང་བའི་སྐབས་ འབྲུག་གི༌ བསྟན༌སྲུང༌དམག༌ མི༌དང༌ ཁྲིམས༌སྲུང༌འགག༌པ་ ཧཱ༌ལུ༌ཡོད༌མི་ རྒྱ་གར་གྱི་ ཨིམ༌ཊཱཊ༌དམག་མི་ བདེ༌སྲུངཔ་ ཡིག༌ཚང༌ཁག་གི་ལས་བྱེདཔ་ དེ༌ལས༌ ཁས༌བླངས༌པ༌ ཚུ༌གིས༌ གྲོགས༌རམ༌འབད༌ཡོདཔ༌ ཨིན༌པས།
ཉམས༌རྒུདཔ༌ ཀུན༌བཟང༌ ནོར༌བུ༌གིས༌ སླབ༌མིའི༌ནང༌ ཁོ༌ གི༌ཁྱིམ༌དེ༌ ལོ༌༦༠ དེ༌ཅིག༌ ལང༌ ཡི༌ཟེར༌ཨིནམ༌ད༌ མེ༌རྐྱེན༌བྱུང༌བའི༌ སྐབས༌ ཁོ༌གི༌ཁྱིམ༌ཐོག༌གུ་ རྩྭ༌སྐམ་སྟེ་ བཞག༌ཡོད་མི༌ལས༌ འགོ༌བཙུགས༌ཡོདཔ༌བཟུམ༌ཅིག་ མཐོང༌ཡི༌ཟེར༌ཨིནམ༌ད༌ དེ༌བསྒང༌ ཁོ༌ར་ ཡིག༌ཚང༌ནང༌ཨིནམ༌ད༌ ཀུན༌ བཟང༌ནོར་བུ་དེ༌ འབྲུག༌ གློག༌མེ༌ ལས༌འཛིན༌ནང༌ ལཱ༌འབད༌དོ༌ཡོདཔ༌ ཨིན༌པས།
ཉམས༌རྒུདཔ༌ པདྨ༌ཆོས༌སྒྲོན༌ གྱིས༌ སླབ༌མིའི༌ནང༌ མོ༌ར་ གཉིད༌ཚོར༌བའི༌སྐབས༌ ཁྱིམ༌ཚང༌ གི༌ ཁྱིམ༌༢ མེ༌གིས་འཚིགས༌ སར༌མཐོང༌ སྟེ༌ དེ༌འཕྲོ༌ལས༌ སྐྱེས༌ལོ༌༩༠ ལང༌ མི༌ མོ༌རའི༌ ཨང༌རྒས༌དང༌ སྲིངམོ་དེ་ ཕྱི༌ ཁར༌ཁྱིད༌སོང༌ཡི༌ཟེར༌ཨིནམ་ད་ དེ༌བསྒང༌ མོ༌གིས༌ སྐད༌ཤུགས་སྦེ་རྐྱབ་སྟེ་ རྔུ་བའི་སྐབས༌ ཁྱིམ༌ཚང༌ ཚུ༌ཡང༌ གཉིད༌ཚོར༌སྟེ༌ ཕྱི༌ཁར༌ ཐོན༌འོང་དེས་ཟེར༌ཨིན༌པས།
མེ་རྐྱེན་བྱུང་སར༌ ནང༌སྲིད༌ བློན༌པོ༌ ཟླ་བ༌རྒྱལ༌མཚན༌དང༌ ཞབས༌ཏོག༌བློན༌པོ༌ རྡོ༌རྗེ༌ཆོས༌ སྒྲོན༌གྱིས་ གཟིགས་ཞིབ་གནང་ཡོདཔ༌མ༌ཚད༌ འབྲེལ༌ཡོད༌ འགོ༌དཔོན༌ཚུ༌ཡང༌ ལྷོད༌ཡོད༌ པའི༌གནས༌ཚུལ།

སྐད༌སྒྱུར༌ བསྟན༌འཛིན༌རྣམ༌རྒྱལ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *