༉ ཧཱ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དང་ ཁྲི་འཛིན་འོགམ་ ཚེ་རིང་རྡོ་རྗེ་དེ་ སྦྱིས་རྒེད་འོག་གི་ གདམ་ངོའི་འཛོམས་འདུ་ནང་ལས་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་བསྡོམས་༥༢༦ ཐོབ་ཡོད་རུང་ ཁོ་གི་དོ་འགྲན་པ་ ཟླ་བ་ཚེ་རིང་གིས་ ཚོགས་རྒྱན་༢༢༣ ལས་བརྒལ་ ཐོབ་མ་ཚུགས་པས།
ཟླ་བ་ཚེ་རིང་གིས་ གདམ་ངོ་སྦེ་ མ་འཐོན་པའི་ཧེ་མར་ ས་དམར་རྒེད་འོག་གི་ བདག་སྐྱོང་འགོ་དཔོན་སྦེ་ ལཱ་འབད་ཡོདཔ་ད་ འདེམས་ངོ་༢ པོ་ཆ་ར་ ཅུང་པ་གཡུས་ཚན་ནང་ལས་ཨིན་པས།
དེ་ཡང་ ཚོགས་རྒྱན་བཙུགས་མི་༧༤༩ ཡོད་པའི་གྲལ་ལས་༣༢༡ ཕོ་སྐྱེས་དང་ ༤༢༨ ཨམ་སྲུ་ཨིན་པས།
མ་གཞི་ རྒེད་འོག་དེ་ནང་ གྱང་ཤུགས་ཆེ་རུང་ ཚོགས་རྒྱན་བཙུགས་མི་ སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྦྱིས་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༡,༤༦༤ ཡོདཔ་ལས་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཅིག་ཨིན་པའི་ རྒེད་འོག་ཅིག་ཨིནམ་ད་ དཀར་མཚོ་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༩༠༩ ཡོད་མི་དེ་ རྒེད་འོག་ནང་ ཚོགས་རྒྱན་བཙུགས་མིའི་གྱངས་ཁ་ ཉུང་ཤོས་ཨིན་པས།
ད་ཚུན་ རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ མི་ངོམ་༥ ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༢ ལས་ འགོ་བཙུགས་མི་ གདམ་ངོའི་འཛོམས་འདུ་ཚུ་ སྤྱི་ཟླ་༣ པའི་ཚེས་༨ ལུ་ མཇུག་བསྡུ་ནི་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།