༉ ཧཱ་རྫོང་ཁག་ནང་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ཕུད་རྡོག་གཅིག་འབད་མི་ གོང་གཟིམ་ཨྱོན་རྡོ་རྗེ་སློབ་གྲྭ་ལྟེ་བ་དེ་ནང་ ཉིནམ་༣ གྱི་རིང་ལུ་ མི་༡,༣༠༩ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནུག།
ཚོགས་རྒྱན་བཙུགས་མི་བསྡོམས་ བརྒྱ་ཆ་༨༤.༠༢ ཨིནམ་ལས་ འགོ་ཐོག་བཙག་འཐུ་ནང་ བརྒྱ་ཆ་༨༥ འོང་མི་དང་ཕྱདཔ་ད་ བརྒྱ་ཆ་༡ དེ་ཅིག་ མར་བབས་སོང་ནུག།
རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ མི་༡,༥༥༨ ཀྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོད་མི་ལས་༢༤༩ དེ་ཅིག་ ཚོགས་རྒྱན་བཙུགས་པར་ མ་འོང་པས།
འགོ་ཐོག་བཙག་འཐུ་སྐབས་ ཨམ་སྲུ་༨༤༦ དང་ ཕོ་སྐྱེས་༤༩༧ གྱིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ད་ སྤྱིར་བཏང་བཙག་འཐུ་ནང་ ཨམ་སྲུ་༨༢༥ དང་ ཕོ་སྐྱེས་༤༨༤ གིས་ བཙུགས་ཡོདཔ་ལས་ ཚོགས་རྒྱན་བཙུགས་མི་ ཕོ་མོ་གཉིས་ཆ་རའི་གྱངས་ཁ་ མར་བབས་སོང་ཡོད་པའི་གནས་ཚུལ།