ཚོགས་རྒྱན་བཙུགས་པར་འོང་མི་ ཧཱ་གི་མི་སེར་ཚུ།

ཧཱ་རྫོང་ཁག་གིས་ འབྲུག་མཉམ་རུབ་ཚོགས་པ་ གདམ་ཁ་རྐྱབ་ཡོདཔ།

༉ ཧཱ་རྫོང་ཁག་ནང་ཡང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་གཉིས་ཆ་ར་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

དེ་ཡང་ སྦྱིས་སྐར་ཚོགས་དང་ དབུས་སུ་འདེམས་ཁོངས་ཀྱི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཨོ་རྒྱན་བསྟན་འཛིན་གྱིས་ ཁོ་རའི་བྱང་ཕྱད་ བསོད་ནམས་སྟོབས་རྒྱས་ལས་ ཚོགས་རྒྱན་༩༩༡ ཐེབས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།

ཨོ་རྒྱན་བསྟན་འཛིན་གྱིས་ ཚོགས་རྒྱན་བསྡོམས་༡༨༧༩ ཐོབ་མི་དེ་ཡང་ འཕྲུལ་ཆས་ཚོགས་རྒྱན་༡༢༧༥ དང་ འགྲེམ་ཐོག་ཚོགས་རྒྱན་༦༠༤ ཐོབ་ནི་དེ་གིས་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བསོད་ནམས་སྟོབས་རྒྱས་ཀྱིས་ འཕྲུལ་ཆས་ཚོགས་རྒྱན་༦༦༩ དང་ འགྲེམ་ཐོག་ཚོགས་རྒྱན་༢༡༩ ཐོབ་སྟེ་ ཚོགས་རྒྱན་བསྡོམས་༨༨༨ ཐོབ་ཡོདཔ་ཨིན་པས།

རྫོང་ཁག་ནང་ བཙག་འཐུའི་ཉིནམ་ལུ་ དཀའ་ངལ་ག་ནི་ཡང་ མ་འཐོན་པའི་ཁར་ ས་དམར་མི་སྡེ་ལྟེ་བའི་ ཚོགས་རྒྱན་ས་ཁོངས་ནང་ བ་ལམ་ནང་ལས་ཨིན་མི་ དཀོན་མཆོག་དབང་མོ་གིས་ སླབ་མིའི་ནང་ མོ་གིས་ བཙག་འཐུ་ཐེངས་གསུམ་ཆ་རའི་ནང་ བཅའ་མར་གཏོགས་ཡོདཔ་ལས་ ཚོགས་རྒྱན་བཙུགས་ནི་དེ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་བཤད་ཅི།

དེ་གི་ནང་ལས་ཡང་ ལྕོགས་གྲུབ་ཅན་གྱི་ མི་ངོ་གདམ་འཐུ་འབད་ནི་དེ་ གཙོ་ཆེ་ཟེར་ མོ་གིས་བཤད་པའི་ཁར་ དེ་གིས་ རྒྱལ་ཁབ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ག་གིས་ གཞུང་སྐྱོང་རུང་ མི་སྡེའི་དོན་ལུ་ ལཱ་འབད་ནིའི་ རེ་བ་ཡོད་ཟེར་ཨིནམ་ད་ ཚོགས་རྒྱན་བཙུགས་པར་འོང་མི་གཞན་ དགའ་མདོག་གིས་ ཁོ་རའི་ནང་མི་ བཟའ་ཚང་ཚུ་དང་གཅིག་ཁར་ དགེ་ཆུ་ནང་མི་སྡེ་ལྟེ་བ་ནང་ འོང་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ ཚོགས་རྒྱན་བཙུགས་ནིའི་ དབང་ཆ་གི་གོ་སྐབས་ལེན་མི་དེ་གིས་ མི་དེ་གིས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ མནོ་བསམ་བཏང་པའི་ རྟགས་ཨིན་ཟེར་ཨིན་པས།

གསང་སྦས་ཁངལུ་ཡང་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ འདེམས་ངོ་རྡོ་རྗེ་དབང་མོ་གིས་ མོ་རའི་བྱང་ཕྱད་ལས་ ཚོགས་རྒྱན་༦༧༩ གིས་ ཐེབས་ཐོབ་ཡོདཔ་ད་ མོ་གིས་ཡང་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཚོགས་རྒྱན་གཉིས་ཆ་ར་ལས་ མང་སུ་ཐོབ་ཡོདཔ་ཨིན་པས།

མོ་གིས་ ཚོགས་རྒྱན་བསྡོམས་༡༥༣༦ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་དབང་རིག་འཛིན་གྱིས་ འཕྲུལ་ཆས་ཚོགས་རྒྱན་༦༡༧ དང་ འགྲེམ་ཐོག་ཚོགས་རྒྱན་༢༤༠ ཐོབ་ཡོདཔ་ཨིན་པས།

རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཁ་པ་ ཕྱེ་བའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་༢ ཆ་མེད་བཏང་ཡོདཔ་ད་ ཁ་ཙ་ ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཚོགས་རྒྱན་འདྲ་པར་༢༣ དེ་ཅིག་ པར་སྐྲུན་འབད་དེ་ བྱིན་ཡོད་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *