སློབ་ཕྲུག་ཚུ་གིས་ ཉེན་སྲུང་གི་ ཁྱད་ཆོས་མེད་པའི་ ཕད་ཅུང་འབག་དོ་ཡོད་པའི་མངོན་གསལ།

༉ ད་རེས་ནངས་པར་ ཕད་ཅུང་ཚུ་ལུ་ ཉེན་སྲུང་དང་ལྡན་པའི་ ཁྱད་ཆོས་མ་འདྲཝ་འོངམ་ཨིན་རུང་ ཉེན་སྲུང་གི་ ཁྱད་ཆོས་དགོཔ་ངེས་བདེན་ཡོདཔ་ཨིན་ན?
སྤྱི་ལོ་༢༠༡༧ ལུ་ ཌོག་ཊར་སྡེ་ཚན་ཅིག་གིས་ བརྟག་ཞིབ་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ ཐིམ་ཕུག་ལུ་ སློབ་རིམ་བརྒྱད་པའི་ སློབ་ཕྲུག་བརྒྱ་ཆ་༤༠ དེ་ཅིག་གིས་ ངོ་སྦྱོར་འབད་བའི་ ལྗིད་ཚད་ལས་བརྒལ་ཏེ་ ཕད་ཅུང་ཚུ་ འབག་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་འབདཝ་ད་ སློབ་ཕྲུག་གིས་ ཕད་ཅུང་ནང་ ཉེན་སྲུང་གི་ ཁྱད་ཆོས་ཡོད་མི་ཚུ་གིས་ ཕད་ཅུང་གི་ ལྗིད་ཚད་ག་དེ་སྦེ་ མར་ཕབ་འབད་ནི་ཨིན་ན?
བརྟག་ཞིབ་དང་འཁྲིལཝ་ད་ ཕད་ཅུང་ནང་ ཉེན་སྲུང་གི་ ཁྱད་ཆོས་ཚུ་གི་གྲངས་སུ་ ཕྱག་ལྟག་གུ་ སྡམ་ཐག་དང་ བྱང་ཁོག་གི་སྡམ་ཐག་ སྐེད་པའི་སྡམ་ཐག་ དེ་ལས་ ཕད་ཅུང་ནང་ནའི་ ས་གོ་ཚུ་ ཚུད་དགོཔ་བཞིན་དུ་ ཨ་ལོ་བརྒྱ་ཆ་༥༥ གིས་འབག་མི་ ཕད་ཅུང་ཚུ་ལུ་ ཉེན་སྲུང་གི་ ཁྱད་ཆོས་གཉིས་ཡོདཔ་ཨིན་རུང་ བརྒྱ་ཆ་༡༢ དེ་ཅིག་ལུ་ ཉེན་སྲུང་གི་ ཁྱད་ཆོས་ཚུ་མེད་པའི་ མཐོང་གསལ་བྱུང་ནུག།
བརྟག་ཞིབ་ཀྱི་ གྲུབ་འབྲས་དེ་ཡང་ ཐིམ་ཕུག་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ མཇུག་བསྡུ་མི་ རྒྱལ་སྤྱི་སྨན་བཅོས་དང་ གསོ་བའི་ཚན་རིག་ཞལ་འཛོམས་ཐེངས་༤ པའི་ནང་ གསལ་སྟོན་འབད་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེའི་སློབ་རིམ་༨ པ་དང་༡༠ པའི་ སློབ་ཕྲུག་༤༥༠ དེ་ཅིག་ལུ་ དྲི་བ་དྲིས་ལན་འབད་ནུག།
སྐྱིད་སྡུག་སྨན་བཅོས་སྡེ་ཕྲན་གྱི་ ཌོག་ཊར་འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ སློབ་ཕྲུག་༤༤༡ གིས་ ཚན་རིག་བརྟག་ཞིབ་ནང་ གྲལ་གཏོགས་འབད་ཡི་ཟེར་ཨིནམ་ད་ ཚན་རིག་བརྟག་ཞིབ་ནང་ལས་ ན་ལོན་ཚུ་གིས་ རྒྱབ་ཁར་འབག་མི་ ཕད་ཅུང་གི་ ལྗིད་ཚད་དེ་ ཁོ་རའི་གཟུགས་ཀྱི་ལྗིད་ཚད་ལས་ བརྒྱ་ཆ་༡༥ དང་ ཨ་ལོ་ཚུ་ལུ་འབད་བ་ཅིན་ བརྒྱ་ཆ་༡༠ འདུག་ཟེར་ཨིན་པས།
ད་རུང་ སློབ་རིམ་༨ པའི་ སློབ་ཕྲུག་ཚུ་གིས་ སློབ་རིམ་༡༠ པའི་སློབ་ཕྲུག་ཚུ་དང་ཕྱདཔ་ད་ ལྗིད་ཚད་ཆེ་མི་ ཕད་ཅུང་ཚུ་ འབག་དོ་ཡོད་པའི་ མངོན་གསལ་བྱུང་མི་དེ་ཡང་ སློབ་རིམ་༡༠ པའི་སློབ་ཕྲུག་གིས་འབག་མི་ ཕད་ཅུང་དེ་ ལྗིད་ཚད་༤ ཐོནམ་ཨིན་རུང་ སློབ་རིམ་༨ པའི་སློབ་ཕྲུག་ཚུ་གིས་ ལྗིད་ཚད་ཀེ་ཇི་༤.༦ འབད་མི་ ཕད་ཅུང་འབག་དོ་ཡོདཔ་ཨིན་པས།
ཞིབ་འཚོལ་དང་འཁྲིལཝ་ད་ ལྗིད་ཅན་གྱི་ ཕད་ཅུང་འབད་མི་ལུ་བརྟེན་ སློབ་ཕྲུག་བརྒྱ་ཆ་༣༢ ཀྱིས་ སྒལ་ཏོ་དང་ བརྒྱ་ཆ་༢༦ གིས་ ཕྱག་ལྟག་ན་བའི་སྐོར་ ཉོགས་བཤད་བཀོད་ཡོདཔ་ད་ ཌོག་ཊར་གྱིས་ སླབ་མིའི་ནང་ སློབ་ཕྲུག་བརྒྱ་ཆ་༩༣.༢ ལུ་ རྩ་རྒྱུས་ན་བའི་སྐོར་ ཉོགས་བཤད་བཀོདཔ་མ་ཚད་ སློབ་ཕྲུག་༡༡༤ དེ་ཅིག་ འདས་པའི་ཟླཝ་༡༢ ནང་འཁོད་ལུ་ སློབ་ཁང་ནང་ འགྱོ་མ་ཚུགས་ཟེར་ཨིན་པས།
ཌོག་ཊར་འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ གཟུགས་ན་མི་ ཨ་ལོ་ཚུ་ མ་འོངས་ཡུན་རིང་ལུ་ སེམས་ཁམས་ཀྱི་ནད་ འཐོབ་ནི་གི་ འོས་འབབ་འདུག་ཟེར་ཨིནམ་ད་ སློབ་གྲྭ་ནང་ ཅ་ལ་བཞག་སའི་སྒྲོམ་དང་ ཕད་ཅུང་འཁོར་ལོ་ཅནམ་ འབག་བཅུག་ནི་ དེ་ལས་ ཉེན་སྲུང་དང་ལྡན་མི་ ཕད་ཅུང་ཚུ་ ལག་ལེན་འཐབ་པ་ཅིན་ ཤ་རྒྱུས་དང་ རྩ་རྒྱུས་ན་ལས་ བཀག་ཚུགས་ཟེར་ཨིན་པས།
ཁོ་གིས་ བརྟག་ཞིབ་འབད་མི་དེ་ མཐའ་ཟུར་དང་ སློབ་གྲྭ་ལྟེ་བ་ཚུ་ མ་ཚུད་ཟེར་ཨིནམ་ད་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡན་མི་ ཕད་ཅུང་ཚུ་ ཉོ་བྱིན་ནི་གི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ པདྨ་རིན་འཛིན།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *