སློབ་དཔོན་སློབ་སྦྱོང་པ་ཚུ་གིས་ ཀི་ལིན་བཱུ་ཏཱན་དང་གཅིག་ཁར་ ཕྱགས་བདར་རྐྱབ་ནིའི་ནང་ ཁས་བླངས་འབད་ཡོདཔ།

༉ ཁ་ཙ་ བསམ་རྩེ་ལུ་ ཆརཔ་རྐྱབ་ནི་དེ་གིས་ གནམ་གཤིས་བསིལ་དྲག་འོང་ནི་དེ་གིས་ མི་ཚུ་ག་ར་ ལ་མཐོ་སར་ སྡོད་མི་ཚུ་བཟུམ་སྦེ་ གྱོན་ཆས་སྟུག་དྲག་ཚུ་ གྱོན་སྡོད་དགོཔ་ཐོན་རུང་ ཀི་ལིན་བཱུ་ཏཱན་གྱི་ ཁས་བླངས་པ་༣༠ གི་དོན་ལུ་ ཉིནམ་དེ་ ཁག་ཆེ་ཤོས་ཅིག་ཨིན་པས།
དེ་ཡང་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༡ པ་མཇུག་བསྡུ་བའི་ཤུལ་ལས་ བསམ་རྩེ་རྫོང་གི་ འོག་ལུ་ཡོད་མི་ འཕྲལ་ཁམས་ཅིག་ཁར་ རྟེན་འབྲེལ་ཐང་ནང་འཐིང་མི་ གྱིབ་གདན་གྱིས་མ་ཚད་པར་ ཐང་གི་ཉེ་འདབས་ལས་ཕར་ཡོད་མི་ ས་ཁོངས་ག་རའི་ནང་ དུས་ཆེན་བརྩི་སྲུང་ འབད་བར་འོང་མི་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་བཞག་ཡོདཔ་ཨིན་པས།
ཀི་ལིན་བཱུ་ཏཱན་གྱི་ ཁས་བླངས་པ་ཚུ་གིས་ དུས་ཡུན་ཆུ་ཚོད་༣ གྱི་རིང་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་ཡོདཔ་ད་ ཆུ་ཚོད་ཕྱེད་དང་༤ དེ་ཅིག་ལས་ ཕྱགས་སྙིགས་ཚུ་ སྣུམ་འཁོར་ནང་ བཙུགས་ཡོདཔ་ཨིན་པས།
ཁས་བླངས་པ་ཚུ་ག་ར་ བསམ་རྩེ་སློབ་དཔོན་སློབ་སྦྱོང་ལྟེ་བའི་ སློབ་ཕྲུག་ཚུ་ཨིན་པས།
ཀི་ལིན་བཱུ་ཏཱན་དང་ ཁས་བླངས་པ་ཚུ་གིས་ གྱིབ་དམ་དང་ རག་རོ་ཡོད་མི་ ཕྱགས་སྙིགས་ཀེ་ཇི་༤༡༤ བསྡུ་བསྒྱོམ་འབད་ཡོདཔ་ད་ ཕྱགས་སྙིགས་ཚུ་ དངུལ་ཀྲམ་༧,༠༠༠ དེ་ཅིག་སྦེ་ ས་མཚམས་ཁར་ བཙོང་ཡོདཔ་ཨིན་པས།
སློབ་སྦྱོང་སྤེལ་ཁང་གི་ ལོ་ངོ་གསུམ་པའི་ སློབ་སྦྱོང་པ་ བསོད་ནམས་དབང་མོ་གིས་ དུས་ཆེན་གྱི་ བཅའ་སྒྲིག་རྐྱབ་པའི་བསྒང་ལས་ མོ་དང་ མོ་རའི་ཆ་རོགས་སྡེ་ཚན་གྱིས་ བདུན་ཕྲག་༢ དེ་ཅིག་གི་ཧེ་མ་ལས་ ཁས་བླངས་འབད་ཡི་ཟེར་ཨིན་པས།
མོ་གིས་ བསམ་རྩེ་ཁྲོམ་ཁར་ བཞེས་སྒོའི་དུས་སྟོན་ འགོ་འདྲེན་འཐབ་པའི་ཤུལ་ལས་ དམ་དུམ་བཟོ་གྲྭ་ས་ཁོངས་ནང་ཡང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ཡི་ཟེར་ཨིན་པས།
བསོད་ནམས་དབང་མོ་གིས་ སླབ་མིའི་ནང་ མི་ཚུ་གིས་ ཕྱགས་སྙིགས་དང་ གྱིབ་དམ་ཚུ་ ག་ལྷོད་སར་ བཀོགཝ་མས་ཟེར་ཨིནམ་ད་ མོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་དུས་ཆེན་སྐབས་ ཁས་བླངས་འབད་ནིའི་ གོ་སྐབས་འཐོབ་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
ཁས་བླངས་པ་གཞན་མི་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ མི་ཁུངས་ཅིག་འབད་ནི་དེ་གིས་ ཁས་བླངས་འབད་ནི་དེ་ ཁོ་རའི་འགན་ཁུར་ཨིན་ཟེར་བཤད་ཅི།
ཁོ་གིས་ སླབ་མིའི་ནང་ དུས་ཆེན་བརྩི་སྲུང་མཇུག་བསྡུ་བའི་ཤུལ་ལུ་ ཐང་ནང་ཕྱགས་སྙིགས་ཀྱིས་ གང་སྟེ་ཡོདཔ་མཐོངམ་ད་ རྣམ་རྟོག་ལང་ཡི་ཟེར་ཨིན་རུང་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་ཡི་ཟེར་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་ཚུ་གིས་ མི་སྤུངས་འཛོམས་འབད་སར་ ཆུ་ཤོག་ཚུ་ བཀྲམ་སྤེལ་འབད་བ་ཅིན་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་ནི་ལས་ བཀག་ཆ་ འབད་ཚུགས་ནི་མས་ཟེར་ཨིན་པས།
ཁོ་ར་ འདི་བཟུམ་གྱི་ ཁས་བླངས་འབད་ནིའི་ གོ་སྐབས་འཐོབ་ནི་དེ་གིས་ བསམ་པ་རྫོགས་ཅི་ཟེར་ཨིནམ་ད་ ཀི་ལིན་བཱུ་ཏཱན་གྱི་ བཀོད་ཁྱབ་མདོ་ཆེན་ དངོས་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ཁས་བླངས་ལས་རིམ་ནང་ སློབ་དཔོན་སློབ་སྦྱོང་འབད་མི་ཚུ་ གྲལ་གཏོགས་འབད་བཅུག་ནིའི་ དམིགས་ཡུལ་ཡོད་ཟེར་བཤད་ཅི།
སློབ་གྲྭ་ག་རའི་ནང་ ང་གཅིག་གིས་ ལྷོད་མི་ཚུགས་ནི་ཨིནམ་ལས་ ཁོང་སློབ་དཔོན་ཚུ་ སློབ་གྲྭ་ཁག་ཚུ་ནང་ལས་ཕར་ སློབ་སྟོན་འབད་བར་འགྱོཝ་ད་ ཁོང་གིས་ གོ་བརྡ་སྤྲོད་ཚུགས་ནི་ཨིན་མི་ལུ་བརྟེན་ གྲལ་གཏོགས་ཀྱི་ ཁེ་ཕན་སྦོམ་ར་ཡོད་ཟེར་ཨིན་པས།
སློབ་དཔོན་ཚུ་ལུ་ར་ སྦྱོང་བརྡར་བྱིན་ཚུགས་པ་ཅིན་ སློབ་གྲྭ་ག་རའི་ནང་ འགྱོ་དགོཔ་མིན་འདུག་ཟེར་ དངོས་གྲུབ་ཚེ་རིང་གིས་བཤད་ཅི།
ཁོ་གིས་ སླབ་མིའི་ནང་ ཁས་བླངས་པ་ཚུ་གིས་ དུས་ཆེན་བརྩི་སྲུང་མཇུག་བསྡུ་བའི་ཤུལ་ལས་ ཕྱགས་སྙིགས་ཀྱིས་ གང་ཡོདཔ་མཐོངམ་ད་ རྣམ་རྟོག་ལང་ནུག་ཟེར་ཨིན་པས།
ཁས་བླངས་པ་ཚུ་གིས་ ཉིན་ནུབ་མེད་པར་ ཕྱགས་བདར་ལས་རིམ་ནང་ ཁས་བླངས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *