སློབ་དཔོན་ནང་ལས་ དགོངས་ཞུ་འབད་མི་ ཡར་སེང་འགྱོ་དོ་ཡོདཔ།

༉ སྤྱི་ལོ་༢༠༡༨ ལུ་ སློབ་དཔོན་༣༥༥ དགོངས་ཞུ་སོང་མི་དེ་གིས་ འདས་པའི་ལོ་ཕྱདཔ་ད་ དགོངས་ཞུ་འབད་མི་ སློབ་དཔོན་༡༠ ཐེབས་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ ལོ་བསྟར་ཤེས་རིག་གནས་སྡུད་དང་འཁྲིལཝ་ད་ འདས་པའི་ལོ་༡༠ དང་ཕྱདཔ་ད་ སློབ་དཔོན་ལས་ དགོངས་ཞུ་འབད་མི་ གནས་ཐོ་དེ་ སྤྱི་ལོ་༢༠༡༨ ནང་ མངམ་ཐོན་ཡོདཔ་ཨིན་པས།
འདས་པའི་ལོ་༡ ནང་ སློབ་དཔོན་དགོངས་ཞུ་སོང་མི་ཚུ་གི་གྲས་ལས་ སློབ་དཔོན་༢༦༣ ཁས་བླངས་ཀྱི་ ཐོག་ལས་དགོངས་ཞུ་འབད་མི་ སློབ་དཔོན་༦༠ སྐྱེས་ལོ་ཚང་སྟེ་ དགོངས་ཞུ་འབད་མི་ སློབ་དཔོན་༧ ངེས་པར་དུ་ དགོངས་ཞུ་འབད་དགོཔ་ཐོན་ཏེ་ དགོངས་ཞུ་སོང་མི་ སློབ་དཔོན་༡༠ ཁག་འབག་གི་ དུས་ཚོད་ཚང་སྟེ་ དགོངས་ ཞུ་འབད་མི་ དེ་ལས་ སློབ་དཔོན་༡༥ ཤི་རྐྱེན་བྱུང་མི་དང་ དགོངས་ཕོག་བཏང་མི་ཚུ་ཨིན་པས།
ལོ་བསྟར་བཞིན་དུ་ སློབ་གྲྭའི་སློབ་དཔོན་ཚུ་གིས་ རང་སོའི་བྱ་སྟབས་བདེ་མིན་དང་བསྟུན་ དགོངས་ཞུ་འབད་མི་ དཔྱ་སྙོམ་ལུ་ བརྒྱ་ཆ་༣.༦ དེ་ཅིག་ ཐོན་དོ་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༨ ལས་༢༠༡༨ ཚུན་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་སློབ་དཔོན་༥༩༠ དང་ ཕྱི་རྒྱལ་གྱི་སློབ་དཔོན་༦༨༠ དེ་ ཁག་འབག་གི་ གནས་ཡུན་ཚང་སྟེ་ དགོངས་ཞུ་འབད་མི་བརྩིསཝ་ད་ སློབ་དཔོན་༡,༣༠༢ ཀྱིས་ དགོངས་ཞུ་འབད་ནུག།
འདས་པའི་ལོ་༡༠ གྱི་རིང་ལུ་ སློབ་དཔོན་དགོངས་ཞུ་འབད་མི་ ཡོངས་བསྡོམས་༢,༧༡༦ ཡོད་མི་ལས་ གཞི་རིམ་སློབ་གྲྭའི་སློབ་དཔོན་༧༨༤ འབྲིང་རིམ་སློབ་གྲྭ་གོང་མའི་སློབ་དཔོན་༧༠༧ འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ དཔོན་༦༨༡ འབདཝ་ད་ དགོངས་ཞུ་འབད་མི་མཐོ་ཤོས་ གཞི་རིམ་སློབ་གྲྭའི་སློབ་དཔོན་ཚུ་ཨིན་པས།
འདས་པའི་ལོ་ནང་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་དཔོན་༡༡༩ དང་ འབྲིང་རིམ་སློབ་གྲྭ་གོང་མའི་སློབ་དཔོན་༩༤ གཞི་རིམ་སློབ་གྲྭའི་སློབ་དཔོན་༧༧ དེ་ལས་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་དཔོན་༥༩ གིས་ ལཱ་གཡོག་ནང་ལས་དགོངས་ཞུ་འབད་ནུག།
སྤྱིར་བཏང་སྙན་ཞུ་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ སློབ་གྲྭའི་སློབ་དཔོན་༩,༥༧༤ ཡོད་མི་ལས་ གཞུང་གི་སློབ་གྲྭའི་སློབ་ དཔོན་༨,༨༢༤ དང་ སྒེར་གྱི་སློབ་གྲྭའི་སློབ་དཔོན་༧༥༠ ཡོད་པའི་ཁར་ གཞུང་གི་སློབ་གྲྭ་ནང་ ཨམ་སྲུ་སློབ་དཔོན་ བརྒྱ་ཆ་༤༡ དང་ སྒེར་གྱི་སློབ་གྲྭ་ནང་ ཨམ་སྲུ་སློབ་དཔོན་བརྒྱ་ཆ་༤༧ ཡོདཔ་ཨིན་པས།
གཞུང་གི་སློབ་གྲྭའི་སློབ་དཔོན་༨,༨༢༤ ཡོད་མི་ཚུ་གི་གྲས་ལས་ བརྒྱ་ཆ་༦༠.༣ ལུ་ གཙུག་ལག་གཞི་རིམ་གྱི་ ཤེས་ཡོན་དང་ བརྒྱ་ཆ་༡༦.༥ ལུ་ གཙུག་ལག་གཞི་རིམ་འོག་མའི་ཤེས་ཡོན་ བརྒྱ་ཆ་༡༥ ལུ་ གཙུག་ལག་གོང་མའི་ཤེས་ཡོན་ཡོད་པའི་གནས་ཚུལ།

པདྨ་རིན་འཛིན།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *