སྲིད་ལུ་བརྟེན་ རྒྱལ་ཁབ་ནང་ དབྱེ་ཁག་ཕྱེ་ནི་མེདཔ་བཟོ་ནི།

༉ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ན་བཟའ་ལི་ཝང་ཞུ་མི་དེ་གིས་ར་ རྒྱལ་ཁབ་ནང་ བཙག་འཐུའི་རྗེས་སུ་ གཅིག་སྒྲིལ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས་ཟེར་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ མང་ཤོས་ཅིག་གིས་ སླབ་ཨིན་པས།
ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁོ་དང་ ལྡོག་ཕྱོགས་ཚོགས་པ་ལུ་ བློ་གཏད་ཡིད་ཆེས་བསྐྱེད་གནང་མི་དེ་ལུ་ བཟོད་མ་ཚུགས་པའི་ཚོར་སྣང་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ ཁོ་རའི་རྐྱབ་སྐྱོར་པ་དང་ འགོ་འདྲེན་པ་ དེ་ལས་ འདེམས་ངོ་ཚུ་གིས་ ཁོ་ལུ་ བློ་གཏད་ཡིད་ཆེས་བསྐྱེད་མི་དེ་ལུ་ཡང་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།

ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ།

ང་བཅས་ཀྱིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ རྩ་བ་གསུམ་ལུ་ ཕྱག་ཞུ་ནི་ཨིན་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤད་ཡོདཔ་ཨིན་པས།
ད་རུང་ཁོ་གིས་ སླབ་མིའི་ནང་ འགན་ཁུར་དེ་ ལྕི་དྲགས་ཅིག་ཨིན་རུང་ ཁོ་ར་རྒྱལ་ཁབ་ནང་ ཞི་བདེ་དང་གཅིག་སྒྲིལ་བཟོ་ནི་ལུ་ ཁས་བླངས་ཡོད་ཟེར་ཨིནམ་ད་ ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ རྩ་བ་གསུམ་ལུ་ བརྩོན་ཤུགས་བསྐྱེད་དེ་ ཕྱག་ཞུ་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྐུལ་བསྒྲགས་སྐབས་ ཁོ་རའི་ དམིགས་གཏད་དེ་ རྒྱབ་ཁབ་ཀྱི་རང་བཙན་དང་ དཔལ་འབྱོར་གོང་འཕེལ་ དེ་ལས་ གཅིག་མཐུན་བཟོ་ནི་ལུ་ བསྐྱེད་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ རྒྱལ་ཁབ་ཀྱི་ རང་བཙན་དང་ སྲུང་སྐྱོབ་འབད་ནིའི་ འགན་ཁུར་དེ་ གཞུང་དང་ལྡོག་ཕྱོགས་ཚོགས་པའི་ འགན་ཁུར་རྐྱངམ་གཅིག་མེན་པར་ འབྲུག་མི་ཡོངས་ཀྱི་འགན་ཁུར་ཨིནམ་ལས་ ག་ར་གིས་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོ་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་དེ་ རང་མགོ་རང་འདྲོངས་བཟོ་ནི་ཨིནམ་ལས་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་དང་གཅིག་ཁར་ རང་མགོ་རང་འདྲོངས་བཟོ་ནི་ལུ་ ལཱ་འབད་ཆོག་ཆོ་ཡོད་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ ཞི་བདེ་དང་མཐུན་ལམ་ གཅིག་སྒྲིལ་ཡར་རྒྱས་གཏང་ནིའི་ འགན་ཁུར་འབག་ནི་ཨིནམ་མ་ཚད་ ང་བཅས་ཀྱི་ཁ་ཐུག་ལས་ སྲིད་ལུ་བརྟེན་ རྒྱལ་ཁབ་ནང་ དབྱེ་ཁག་ཕྱེ་ནི་མེདཔ་ བཟོ་ནི་ཨིན་ཟེར་ ལྡོག་ཕྱོགས་འགོ་ཁྲིདཔ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ བཤད་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *