༉ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ བཀྲིས་སྒང་ལུ་ ཁྲིམས་སྲུང་འགག་པ་གིས་ བཀག་དམ་ཅན་གྱི་སྨྱོ་རྫས་ ཚུལ་མིན་གྱི་སྒོ་ལས་ འབག་འོང་མི་ དོགས་པ་ཅན་གྱི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ནུག།
དབང་འདུས་ཕོ་བྲང་ལས་ཨིན་མི་ ཕོ་སྐྱེས་དེ་ བཀང་ལུང་ལས་ འཛིན་བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་དེ་གིས་ འབག་འོང་མི་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ བསམ་གྲུབ་ལྗོངས་མཁར་ལས་ མི་མང་འགྲུལ་སྐྱེལ་བཱསི་ནང་ རྒྱ་གར་གྱི་ མི་ཁུངས་ཅིག་གིས་ བསྐྱལ་བཏང་ནུག་ཟེར་ཨིན་པས།
སྨྱོ་རྫས་ཚུ་ཡང་ གྱིབ་གནགཔོ་ཅིག་ནང་བཙུགས་ཏེ་ འབག་འོང་ཡོདཔ་ད་ དོགས་ཅན་དེ་གིས་འབད་བ་ཅིན་ སྨྱོ་རྫས་ཚུ་ ཁོ་ར་སྤྱོད་ནིའི་དོན་ལུ་ འབག་འོང་ཡོདཔ་སྦེ་ སླབ་ཡོད་པའི་གནས་ཚུལ།
Check Also
ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།
༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …