སྤྱི་ཚོགས་༣ པའི་བཙག་འཐུའི་ཐོ་ཡིག་མཐའ་བཅད་ནང་ ཚོགས་རྒྱན་སྐྱུར་མི་༤༣༨,༦༦༣ ཡོདཔ།

ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་༢༠༡༨ ཀྱི་ བཙག་འཐུའི་ཐོ་ཡིག་ མཐའ་བཅད་གསལ་བཏོན་འབད་མི་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༡ ཚུན་ རྒྱལ་ཁབ་ནང་ཀྱི་ རྫོང་ཁག་༢༠ ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༤༣༨,༦༦༣ ཡོདཔ་ཨིན་པས།

ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་ལས་ ཨམ་སྲུ་༢༢༤,༥༥༠ དང་ ཕོ་སྐྱེས་༢༡༤,༡༡༣ ཡོདཔ་ད་ བརྒྱ་ཆ་ལས་འབད་བ་ཅིན་ ཨམ་སྲུ་བརྒྱ་ཆ་༥༡ དང་ ཕོ་སྐྱེས་བརྒྱ་ཆ་༤༩ ཨིན་པས།

རྫོང་ཁག་༢༠ ལས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་ མཐོ་ཤོས་ར་ བཀྲིས་སྒང་རྫོང་ཁག་ནང་༤༧,༦༡༤ དང་ དེ་གི་ཤུལ་ལས་ར་ བསམ་རྩེ་རྫོང་ཁག་ནང་༤༧,༣༦༠ ཡོདཔ་ད་ མོང་སྒར་རྫོང་ཁག་ནང་ ཚོགས་རྒྱན་སྐྱུར་མི་༣༤,༥༨༩ དང་ གསར་སྤང་རྫོང་ཁག་ནང་༣༠,༡༨༣ དང་ དེ་ལས་ པདྨ་དགའ་ཚལ་རྫོང་ཁག་ནང་༢༦,༡༤༡ ཡོདཔ་ཨིན་པས།

དེ་ལས་ མགར་ས་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་བསྡོམས་༢,༠༦༤ ཡོད་མི་དེ་ གྱངས་ཁ་ཉུང་ཤོས་ཨིན་པས།

དེ་ལས་ བཙག་འཐུའི་དོན་ལུ་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༤༣༨,༦༦༣ ཡོད་ས་ལས་ འགྲེམ་ཐོག་རྒྱན་ཤོག་གི་ཚོགས་རྒྱན་སྐྱུར་མི་༡༣༣,༧༩༥ གིས་ འགྲེམ་ཐོག་རྒྱན་ཤོག་གི་ ཐོ་བཀོད་འབད་དེ་ཡོད་མི་ལས་ ཕོ་སྐྱེས་༢༢,༦༢༤ དང་ཨམ་སྲུ་༨,༦༤༣ འབདཝ་ད་ མི་གྲངས་༣༡,༢༦༧ གྱིས་ སྤྱིར་བཏང་འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ (འབྲུག་འགྲེམ་ལུ་བརྟེན་པའི) སྦེ་ ཐོ་བཀོད་འབད་ནུག།

དེ་ལས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་ནང་ལས་ ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་༤༤,༠༡༦ དང་ ཨམ་སྲུ་༥༣,༨༥༤ འབདཝ་ད་བསྡོམས་ཀྱིས་༩༧,༨༧༠ གིས་ ཐོ་བཀོད་འབད་ཡོདཔ་མ་ཚད་ དམིགས་བསལ་དགོས་མཁོ་ཡོད་མི་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་མི་ ཕོ་སྐྱེས་༢,༥༣༦ དང་ ཨམ་སྲུ་༢,༡༢༢ འབདཝ་ད་ མི་གྲངས་༤,༦༥༨ ཡོདཔ་ཨིན་པས།

གནས་ཚུལ་གསར་བཏོན་དང་ བཙག་འཐུའི་ཐོ་ཡིག་མཐའ་བཅད་དེ་ སྤྱི་ཟླ་༨ པའི་ཚེས་༢ ལས་༡༢ ཚུན་གྱི་ དུས་ཡུན་རིང་ལུ་ ཐོབ་བརྗོད་དང་ དགག་ཆ་བཀོད་དེ་ཡོད་མི་ཚུ་ མཉམ་བསྡེབས་དང་ བསྒྱུར་བཅོས་ཚུ་ འབད་བའི་ཤུལ་ལུ་ བཟོ་ཡི་ཟེར་བཀོད་ནུག།

ཚོགས་རྒྱན་སྐྱུར་མི་ ངོ་རྐྱང་རེ་རེ་བཞིན་གྱིས་ རང་སོའི་ཚོགས་རྒྱན་ས་ཁོངས་སྐོར་ ཚོགས་རྒྱན་སྐྱུར་མིའི་ ཐོ་བཀོད་གནས་རིམ་དང་ བརྡ་དོན་ཚུ་ ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ཐོག་ལས་ བརྟག་ཞིབ་འབད་ཚུགས་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *