སྤུ་ན་གཙང་ཆུ་དང་པའི་ ཁག་འབགཔ་གིས་ ཐོབ་བརྗོད་བཀོད་མི་དེ་ འོས་ཁུངས་མེདཔ།

༉ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ཉོགས་སེལ་ཚོགས་ཆུང་གིས་ ཨེལ་ཨེན་ཊི་ ༼Larsen &Toubro༽ ཟེར་མི་ ཚོང་སྡེ་གིས་ དངུལ་ཀྲམ་ཐེར་འབུམ་༣.༩ ཐོབ་བརྗོད་བཀོད་མི་དེ་ གཞི་ཁུངས་མེད་པའི་ ཐོབ་བརྗོད་ཨིན་པའི་ ཤེས་རྟོགས་བྱུང་ནུག།
དེ་ཡང་ ཚོགས་ཆུང་གིས་ འོས་ཁུངས་མེད་པའི་ གྲོས་ཐག་བཅད་མི་དེ་ བདུན་ཕྲག་༡ གི་ཧེ་མར་ སྤུ་ན་གཙང་ཆུ་ལས་འགུལ་གྱི་ཁྲི་འཛིན་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་གིས་ ངོས་ལེན་ཆ་འཇོག་ཐོག་ ལས་འགུལ་འཛིན་སྐྱོང་གིས་ ཨེལ་ཨེན་ཊི་ཚོང་སྡེ་ལུ་ སྙན་ཞུ་འབད་དགོ་པའི་ བཀའ་རྒྱ་གནང་ནུག།
ལས་འགུལ་༡ པའི་ དངུལ་རྩིས་མདོ་ཆེན་དང་ མཉམ་འབྲེལ་མདོ་ཆེན་ དེ་ལས་ འཕྲུལ་རིག་མདོ་ཆེན་ཚུ་ ཉོགས་སེལ་ཚོགས་ཆུང་གི་ འཐུས་མི་ཨིནམ་ད་ ཚོགས་ཆུང་གི་ སྙན་ཞུ་དེ་ཡང་ ལས་འགུལ་དང་པའི་ བཟོ་རིག་འགན་འཛིན་པ་གིས་ ལས་སྡེ་ལུ་ ཏི་རུ་སྤྲོད་མ་དགོ་པའི་ མངོན་གསལ་བྱུང་མི་ལུ་བརྟེན་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༡ པའི་ འཛིན་སྐྱོང་མདོ་ཆེན་ ཨེན་སི་བཱ་སཱལ་དང་འཁྲིལཝ་ད་ ཉོགས་སེལ་བྱ་རིམ་འབད་ནི་ལུ་ གནས་ཚད་༣ དེ་ཅིག་ ཡོད་ཟེར་ཨིནམ་ད་ གནས་ཚད་དང་པའི་ནང་ བཟོ་རིག་འགན་འཛིན་པ་གིས་ གནས་སྟངས་དང་འཁྲིལ་ ཐག་བཅད་ཡོདཔ་ཨིན་པས།
ཨིན་རུང་ ཁག་འབག་ལས་སྡེ་གིས་ སྙན་ཞུ་དེ་ལུ་ ངོས་ལེན་མེད་པ་ཅིན་ འཛིན་སྐྱོང་མདོ་ཆེན་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཁོ་གིས་ གནས་སྟངས་བལྟ་སྟེ་ ཐག་བཅད་འོང་ཟེར་ཨིནམ་ལས་ དེ་ལུ་ བསམ་པ་མ་རྫོགས་པ་ཅིན་ ལས་སྡེ་གིས་ རྩོད་གཞི་བཙུགས་དགོ་ཟེར་ བཤདཔ་ཨིན་པས།
ལས་སྡེའི་ཐད་ལུ་ འཛིན་སྐྱོང་མདོ་ཆེན་གྱི་ གནས་ཚད་ལས་ བརྒལ་ཡོདཔ་བཞིན་དུ་ ད་རེས་ འཛིན་སྐྱོང་གིས་ ཐོབ་བརྗོད་༡༣ ལས་སྡེ་ལུ་ གྲོས་ཐག་བཅད་མི་ཚུ་ སླབ་པའི་བསྒང་ཡོདཔ་ད་ ལས་སྡེ་གིས་ ཐོབ་བརྗོད་༡༣ བཀོད་ཡོདཔ་ཨིན་པས།
ཨེན་སི་བཱན་སཱལ་གྱིས་ སླབ་མིའི་ནང་ ལས་སྡེ་གིས་ ཐོབ་བརྗོད་བཀོད་མི་དེ་ ལས་སྡེའི་འགན་འཛིན་དང་འཁྲིལ་མེན་པའི་ ཤེས་རྟོགས་བྱུང་ཡི་ཟེར་ཨིནམ་ད་ ལས་སྡེ་གིས་ ཐོབ་བརྗོད་བཀོད་མི་ཚུ་ ལས་མི་དང་ ཅ་ཆས་ལུ་ ལག་ལེན་མེད་པར་ ལུས་ཡོད་པའི་ མངོན་གསལ་བྱུང་ནུག།
ལས་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༣ ལས་ ལས་སྡེའི་མི་སྟོབས་ཚུ་ ལཱ་མེད་པར་ ལུས་ཏེ་ཡོདཔ་ལས་ ཟད་འགྲོ་མངམ་ གནས་ཡོད་མི་ཚུ་ རྒུད་འཐུས་འཐོབ་ནི་དེ་ ལས་སྡེའི་རེ་བ་ཨིན་ཟེར་ཨིན་པས།
ཧེ་མ་ ཧིན་དཱུསི་ཊཱན་ཁག་འབག་ལས་སྡེ་གིས་ དངུལ་ཀྲམ་ཐེར་འབུམ་༣.༢༩ དེ་ཅིག་ ཐོབ་བརྗོད་བཀོད་མི་ཡང་ འོས་འབབ་མེད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༧ པའི་ནང་ ཐོབ་བརྗོད་བཀོད་མི་དེ་ འོས་འབབ་མེད་པའི་སྐོར་ དུས་ཅི་ སྤྱི་ཟླ་དང་པའི་ནང་རྐྱངམ་གཅིག་ ལས་སྡེ་ལུ་ སྙན་ཞུ་འབད་ནུག།
དེ་བཟུམ་མའི་ གྲོས་ཐག་དེ་ བཟོ་རིག་འགན་འཛིན་གྱིས་ བཅད་ཡོདཔ་ད་ ད་རེས་ ཧིན་དྷུསི་ཊཱན་ཁག་འབག་ལས་སྡེ་གིས་ ལས་འགུལ་འཛིན་སྐྱོང་ལུ་ ལོག་ཞུ་བ་འབད་དེ་མེད་རུང་ གནད་དོན་དེའི་སྐོར་ལས་ ཧིན་དྷུསི་ཊཱན་ཁག་འབག་ལས་སྡེ་གིས་ ག་ནི་ཡང་ སླབ་མ་བཏུབ།
འཛིན་སྐྱོང་མདོ་ཆེན་གྱིས་ སླབ་མིའི་ནང་ ཧིན་དྷུསི་ཊཱན་ཁག་འབག་ལས་སྡེའི་ གྲོས་ཐག་དེ་ བཟོ་རིག་འགན་འཛིན་གནས་ཚད་ནང་ ཐག་བཅད་ཡོད་རུང་ དང་པ་ར་ ནང་འཁོད་ངོས་ལེན་གྱི་ གནང་བ་ལེན་དགོཔ་ལས་ འཛིན་སྐྱོང་དང་ འབྲེལ་བ་ཡོད་ཟེར་ཨིན་པས།
ཚོགས་ཆུང་གིས་ སྙན་ཞུ་ཕུལ་མི་དེ་ རྒྱལ་ཁབ་༢ ཀྱི་ མི་ངོ་ཚུ་ལུ་ཡང་ བརྗེ་སོར་འབད་ཡོདཔ་མ་ཚད་ དང་ལེན་གྱི་དོན་ལུ་མེན་པར་ བརྡ་དོན་གྱི་དོན་ལས་ རྒྱ་གར་གཞུང་གི་ འཐུས་མི་ཚུ་ལུ་ཡང་ བཏང་ཡི་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྨན་ཁབ་ཐེངས་༢ པ་མ་ལྷོད་ཚུན་ ཉེན་སྲུང་གི་སྒྲིག་གཞི་ལུ་ ཚུལ་མཐུན་གནས་དགོཔ།

༉ ང་བཅས་ར་ ཉིནམ་དག་པ་ཅིག་གི་ཤུལ་ལས་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་དང་པ་བཙུགས་ཏེ་ བདུན་ཕྲག་༡༤ ལང་ནི་ཨིནམ་ལས་ འབྲུག་མི་ཚུ་གིས་ སྨན་ཁབ་ལས་རིམ་ཐེངས་༢ པའི་སྐོར་ལས་ དྲི་དཔྱད་འབད་ནི་ འགོ་བཙུགསཔ་ཨིན་མས། སྨན་ཁབ་ལས་རིམ་དང་པའི་ནང་ རྒྱལ་ཁབ་ནང་འཁོད་ལས་ …

Leave a Reply

Your email address will not be published. Required fields are marked *