སྤུ་ན་ཁ་རྫོང་ཁག་ནང་ ཁམ་ཤིང་མེ་ཏོག་ཤར་ཡོདཔ།

༉ སྤུ་ན་ཁའི་ མི་སེར་ཚུ་གིས་ སོར་བསྒྱུར་གྱི་དོན་ལུ་ གདམ་ཁ་རྐྱབ་ཡོདཔ་ད་ དེ་ཡང་ གླིང་མུ་ཁ་-སྟོད་ཝང་དང་ དཀར་སྦིས་ས་-རྟ་ལོག་འདེམས་ཁོངས་ཀྱིས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ སྤྱིར་བཏང་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པ་ལས་ འབྲུག་མཉམ་རུབ་ཚོགས་པ་དེ་ གདམ་ཁ་རྐྱབ་ནུག།

འགོ་ཐོག་བཙག་འཐུ་བཟུམ་སྦེ་ར་ གླིང་མུ་ཁ་-སྟོད་ཝང་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ བྱ་ཁྲུང་ཁྲུང་གི་ བསོད་ནམས་དབང་རྒྱལ་ཝང་ལཧ་ ཁམ་ཤིང་མེ་ཏོག་གི་ རྟ་མགྲིན་རྡོ་རྗེ་དེ་ གདམ་འཐུ་འབད་ནུག།

འབྲུག་མཉམ་རུབ་ཚོགས་པ་གཞི་བཙུགས་འབད་མི་ཅིག་ཨིན་མི་ རྟ་མགྲིན་རྡོ་རྗེ་གིས་ ཚོགས་རྒྱན་༣,༡༥༤ ཐོབ་མི་ལས་༡,༠༣༠ འགྲེམ་ཐོག་ཚོགས་རྒྱན་ཨིནམ་ད་ བསོད་ནམས་དབང་རྒྱལ་ཝང་གིས་ འགྲེམ་ཐོག་ཚོགས་རྒྱན་༤༢༥ བརྩིས་ཏེ་ ཚོགས་རྒྱན་༢,༠༨༢ ཐོབ་ཡོདཔ་ཨིན་པས།

དཀར་སྦིས་ས་-རྟ་ལོག་འདེམས་ཁོངས་ནང་ མཉམ་རུབ་ཚོགས་པའི་འདེམས་ངོ་ བཙན་སྐྱོགས་དབང་འདུས་ཀྱིས་ ཁོ་གི་དོ་འགྲན་པ་ ཀུན་ལེགས་དབང་ཕྱུག་ལས་ ཚོགས་རྒྱན་༡,༨༣༥ ཐེབས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོད་མི་དེ་ཡང་ ཁོ་གིས་ ཚོགས་རྒྱན་བསྡོམས་༤,༢༩༤ ཐོབ་མི་ལས་༡,༣༩༢ འགྲེམ་ཐོག་ཚོགས་རྒྱན་ཨིན་པས།

ཕུན་སུམ་ཚོགས་པའི་ཀུན་ལེགས་དབང་ཕྱུག་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༧༨༡ དང་ འགྲེམ་ཐོག་ཚོགས་རྒྱན་༦༧༨ ཐོབ་ནུག།

བཙན་སྐྱོགས་དབང་འདུས་ཀྱིས་ སླབ་མིའི་ནང་ ཚོགས་རྒྱན་གྱི་ གྲུབ་འབྲས་ལུ་བལྟ་སྟེ་ ཁོ་ར་ དུམ་གྲ་ཅིག་ ཧ་ལས་ཡོད་རུང་ འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ ཁོ་ར་ ལྕོགས་གྲུབ་དང་ བློ་གཏད་ཚུགསཔ་ཡོདཔ་ཤེས་ཏེ་ ཁོང་གི་ངོ་ཚབ་སྦེ་ བཙག་འཐུ་འབད་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།

འཛོམས་མི་རྒེད་འོག་ལྟེ་བའི་ནང་ ཚོགས་རྒྱན་འཕྲུལ་ཆས་ཀྱིས་ དཀའ་ངལ་བྱིནམ་ལས་ ཚོགས་རྒྱན་བཙུགས་མི་ཚུ་ དུས་ཡུན་སྐར་མ་༢༠ དེ་ཅིག་ བསྒུགས་དགོཔ་བྱུང་ཡོདཔ་ད་ ཚོགས་རྒྱན་འཕྲུལ་ཆས་དེ་ སོར་དགོཔ་ཐོནམ་ད་ མི་༡༡༩ གིས་ ཚོགས་རྒྱན་བཙུགས་ཚར་ཡོདཔ་ཨིན་པས།

སྤུ་ན་ཁ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་སྐྱུར་མི་༡༦,༩༤༩ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *