༉ སྤྱི་ཟླ་༩ པའི་ཚེས་༧ ལས་༩ ཚུན་ ཉིན་གྲངས་གསུམ་གྱི་རིང་ འགོ་འདྲེན་འཐབ་ད་ ཚོགས་རྒྱན་སྐྱུར་མི་ ཨམ་སྲུ་༢,༩༣༤ དང་ ཕོ་སྐྱེས་༢,༢༨༦ འབདཝ་ད་ མི་གྲངས་བསྡོམས་༥,༢༢༠ དེ་ཅིག་གིས་ འགྲེམ་ཐོག་རྒྱན་ཤོག་ལྷན་ཐབས་ས་ཁོངས་༤ ནང་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
ལྷན་ཐབས་ས་ཁོངས་ཚུ་ཡང་ ཝ་ན་ཁ་སློབ་གྲྭ་ལྟེ་བ་དང་ ཤར་པ་འབྲིང་རིམ་སློབ་གྲྭ་གོང་མ་ འབྲུག་རྒྱལ་སློབ་གྲྭ་ལྟེ་བ་ དེ་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ཚུ་ནང་ གཞི་བཙུགས་འབད་ནུག།
རྫོང་ཁག་དེ་ནང་ ཚོགས་རྒྱན་སྐྱུར་མི་༦,༧༠༥ གིས་ ལྷན་ཐབས་ས་ཁོངས་ལས་ ཚོགས་རྒྱན་བཙུགས་ནི་སྦེ་ ཐོ་བཀོད་འབད་ཡོད་མི་ལས་ གྱངས་ཁ་མཐོ་ཤོས་ར་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ མི་༤,༠༥༨ གིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༣,༡༦༥ འོང་ཡོདཔ་མ་ཚད་ འབྲུག་རྒྱལ་སློབ་གྲྭ་ལྟེ་བའི་ནང་༡,༡༤༢ དང་ ཤར་པ་སློབ་གྲྭ་ནང་༦༠༣ འོང་ཡོདཔ་ད་ ཝ་ན་ཁ་སློབ་གྲྭ་ལྟེ་བའི་ནང་ ཚོགས་རྒྱན་སྐྱུར་མི་༨༦ འོང་མི་དེ་ གྱངས་ཁ་ཉུང་ཤོས་ཨིན་པས།
དེ་ལས་ སྤང་སྦི་ས་དང་ དབང་སེལ་སྤེལ་ཁང་ གནས་ཕུག་ ཟླ་བ་ཁའི་རྒན་རྒས་ཚུ་གི་དོན་ལུ་ འགྲུལ་སྐྱོད་ལྷན་ཐབས་ཐོག་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་བྱིན་ནུག།
ཐོ་བཀོད་འབད་མི་ཚུ་གི་གྲས་ལས་༡,༤༣༧ དེ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་མ་བཙུགས་པའི་ཁར་ འགྲུལ་སྐྱོད་ལྷན་ཐབས་ནང་ མི་༢༧ གྱིས་ ཚོགས་རྒྱན་མ་བཙུགསཔ་ཨིན་པའི་གནས་ཚུལ།