སྣུམ་འཁོར་རྐྱེན་ངན་ནང་ མི་༢ ལུ་རྨ་སྐྱོན།

༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤ དང་ སྐར་མ་༤༠ དེ་ཅིག་ཁར་ དབང་འདུས་ཕོ་བྲང་ ཁེ་ལེ་ཁ་ལུ་ སྣུམ་འཁོར་ཀཱར་ ཨའི་ཊེན་ཅིག་ རྦོབ་རིལ་སོ་མི་ལུ་བརྟེན་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་ཅིག་དང་ སྐྱེས་ལོ་༢༠ འབད་མི་ ཨམ་སྲུ་ཅིག་ལུ་ རྨ་་སྐྱོན་བྱུང་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ ཉམས་རྒུདཔ་༢ དབང་འདུས་ཕོ་བྲང་ལས་ རྒྱལ་པོའི་ཞིང་ལུ་ འགྱོ་བའི་བསྒང་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ དེད་གཡོགཔ་ཕོ་སྐྱེས་དེ་གི་ མགུ་ཏོ་བཅད་ཡོདཔ་ད་ ཨམ་སྲུ་དེ་གི་ རྐངམ་༢ ཆ་ར་དང་ སྒལ་ཏོ་གུ་ རྨ་སྐྱོན་དུམ་གྲ་རེ་ བྱུང་ནུག་ཟེར་ཨིན་པས།
ཉམས་རྒུདཔ་༢ དབང་འདུས་རྫོང་ཁག་སྨན་ཁང་ནང་ བརྟག་དཔྱད་འབད་བར་ མ་བཏང་པའི་ཧེ་མར་ ནོརབུ་སྡིངས་གཞི་རྟེན་སྨན་ཁང་ནང་ སྨན་བཅོས་འབད་ཡོདཔ་ཨིན་པས།
ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་ཡང་ དེད་གཡོགཔ་དེ་གིས་ སྣུམ་འཁོར་བཀག་མ་ཚུགས་མི་ལུ་བརྟེན་ བྱུང་ཡོདཔ་ད་ གནད་དོན་དེ་ ད་ལྟོ་ དབྱེ་ཞིབ་འབད་བའི་བསྒང་ཡོད་པའི་གནས་ཚུལ།

About admin

Check Also

ནད་ཡམས་ཀྱི་ཉེན་ཁ་ ཆེ་སུ་སྦེ་ར་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ འི་ ཁྱབ་སྤེལ་རིམ་ཐེངས་༢ པའི་ནང་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ མགྱོགས་དྲགས་སྦེ་ ཁྱབ་འགྱོ་དོ་ཡོད་མི་དང་བསྟུན་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ནད་ཡམས་ཐོབ་མི་ མ་ཆད་པར་ཐོནམ་ཨིན་མས། ཧེ་མ་དང་ཕྱདཔ་ད་ ད་རེས་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ ཉེན་ཁ་ཆེ་དྲགས་སྦེ་ཡོདཔ་མ་ཚད་ …

Leave a Reply

Your email address will not be published. Required fields are marked *