༉ ཁ་ཙ་ དྲོ་པའི་ཆུ་ཚོད་༡ དང་༢ ཀྱི་བར་ན་ ཕུན་ཚོགས་གླིང་པད་དཀར་ཤིང་ལུ་ སྣུམ་འཁོར་མ་རུ་ཊི་ཅིག་ རྦོབ་རིལ་བའི་ རྐྱེན་ངན་ནང་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་༢ ལུ་ ཤི་རྐྱེན་དང་ མི་༡ ལུ་ རྨ་སྐྱོན་བྱུང་ནུག།
ཚེ་འདས་གཉིས་ཆ་ར་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་ནང་ ལཱ་འབད་མི་ཨིནམ་ད་ རྐྱེན་ངན་དེཡང་ ཕུན་ཚོགས་གླིང་ལས་ དཔག་བསམ་ཁ་ལུ་ འགྱོ་བའི་སྐབས་ བྱུང་ཡོདཔ་ཨིན་པས།
དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ བཟོ་གྲྭ་འཕྲུལ་ཁང་ནང་ ལཱ་འབད་བར་འགྱོ་མི་ཚུ་གིས་ རྨ་སྐྱོན་བྱུང་མི་དེ་ འཁོར་ལམ་གྱི་ཟུར་ཁར་ གོབ་འགྱོ་ས་མཐོང་པའི་ཤུལ་ལས་ སྣུམ་འཁོར་ཐུག་བྱུང་ཡོད་པའི་ ཤེས་རྟོགས་བྱུང་ནུག།
ཚེ་འདས་༢ པོ་དེ་ མགུ་ཏོ་གུ་ རྨ་སྐྱོན་བྱུང་མི་ལུ་བརྟེན་ ཤི་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ བྱུང་རྐྱེན་དེ་ཡང་ སྣུམ་འཁོར་ཚད་ལས་བརྒལ་བཏང་མི་དང་ ཆང་འཐུང་མི་ལུ་བརྟེན་ བྱུང་བྱུངམ་བཟུམ་ཅིག་འདུག་ཟེར་ བཤདཔ་ཨིན་པས།
མ་གཞི་ རྨ་སྐྱོན་བྱུང་མི་དེ་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོད་རུང་ ཁོ་གི་ སྒལ་ཚིགས་ཏེ་ བཅག་དཀྲུམས་འབད་ཡོད་པའི་གནས་ཚུལ།
Check Also
ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།
༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …