སྣུམ་འཁོར་ཊི་པར་ཊཱག་ཅིག་གིས་ ཕོ་སྐྱེས་ཅིག་ ཁ་འཐུམ་མར་བསད་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༡༨ ཀྱི་ ཕྱི་རུའི་ ཆུ་ཚོད་༧ དང་སྐར་མ་༤༥ དེ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་ལུ་ སྣུམ་འཁོར་ཊི་པར་ཊཱག་ཅིག་གིས་ སྐྱེས་ལོ་༣༦ ལང་མི་ ཕོ་སྐྱེས་ཅིག་ འཐུ་བཀོག་མི་ལུ་བརྟེན་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་ ཊཱག་རྒྱབ་བཤུད་རྐྱབ་པའི་སྐབས་ རྒྱབ་ཁའི་འཁོར་ལོ་གིས་ བསྣད་བདའ་ནུག་ཟེར་ཨིནམ་ད་ ཚེ་འདས་དེ་ ཆང་འཐུང་ཡོདཔ་སྦེ་ སླབ་ཡོད་རུང་ ད་ལྟོ་ཏན་ཏན་སྦེ་ ཤེས་རྟོགས་མེད་པའི་ཁར་ བྱུང་རྐྱེན་གྱི་སྐབས་ རྒྱབ་ཁའི་འཁོར་ལོ་གི་ སྦོ་ལོགས་ཁར་ ཉལ་ཡོདཔ་སྦེ་ སླབ་དོ་ཡོད་རུང་ ཏན་ཏན་མེད་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བྱུང་རྐྱེན་དེ་གི་སྐོར་ལས་ རྒྱབ་ཁར་ལས་འོང་མི་ ཊཱག་གི་དེད་གཡོགཔ་ཅིག་གིས་ དོགས་པ་ཅན་དེད་གཡོགཔ་ལུ་ སླབ་ཡོད་མི་ལུ་བརྟེན་ དེ་འཕྲོ་ལས་ ཁོང་༢ ཀྱིས་ ཚེ་འདས་དེ་ བདེ་བ་ཐང་སྨན་ཁང་ནང་ བསྐྱལ་ཡོད་རུང་ ཌོག་ཊར་ཚུ་གིས་ ཚེ་འདས་དེ་ སྨན་ཁང་ནང་ མ་ལྷོད་པའི་ཧེ་མ་ལས་ ཤི་སོ་ནུག་ཟེར་ སླབ་ཡོདཔ་ཨིན་པས།

གནས་ཚུལ་བྱིན་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ དོགས་པ་ཅན་གྱིས་ ཆུམ་ཉོ་ནིའི་དོན་ལུ་ ཊཱག་དེ་ བདེ་བ་ཐང་ལུ་ཡོད་མི་ ཁོ་གི་ཁྱིམ་གྱི་ ཉེ་འདབས་ལུ་ བཞག་ནུག་ཟེར་ཨིནམ་ད་ ཁོ་གིས་ ཚེ་འདས་དེ་ ཊག་གི་ཉེ་འདབས་ལུ་ ཉལ་ཡོད་པའི་ ཤེས་རྟོགས་མིན་འདུག་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བྱུང་རྐྱེན་དེ་གི་སྐོར་ལས་ བདེ་བ་ཐང་སྨན་ཁང་གི་ འགོ་དཔོན་ཚུ་གིས་ སྙན་ཞུ་འབད་ཡོདཔ་བཞིན་དུ་ སྐྱེས་ལོ་༣༤ ལང་མི་ དོགས་པ་ཅན་ ཕོ་སྐྱེས་དེ་ཡང་ སྨན་ཁང་ནང་ལས་ འཛིན་བཟུང་འབད་ཡི་ཟེར་ཨིནམ་ད་ ཚེ་འདས་དེ་ མགུ་ཏོ་གུ་ རྨ་སྐྱོན་སྦོམ་བྱུང་མི་ལུ་བརྟེན་ ཤི་སོ་ནུག་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ འབད་བ་ཅིན་ སྣུམ་འཁོར་ཊཱག་དེ་ བྱུང་རྐྱེན་གྱི་ས་ཁོངས་ནང་ལས་ འགྲོ་འགྲུལ་འབད་ཡོདཔ་ལས་ འཕྱོག་བཟུང་མ་འབད་ཟེར་ ཨིན་པའི་གནས་ཚུལ།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *