ཁམས་དྭངས་-རམ་འཇར་གྱི་འཐུས་མི་ ཀརྨ་རྒྱལ་མཚན།

སྟོད་མཚོ་རྒེད་འོག་གི་ རྟ་ལམ་རྒྱ་སྐྱེད་ འབད་དགོ་པའི་ཞུ་བ།

༉ བཀྲིས་གཡང་རྩེ་ ཁམས་དྭངས་-རམ་འཇར་གྱི་འཐུས་མི་ ཀརྨ་རྒྱལ་མཚན་གྱིས་ ནང་སྲིད་དང་སྲོལ་འཛིན་བློན་པོ་ལུ་ སྟོད་མཚོ་རྒེད་འོག་གི་ དགོངས་ཟ་ལས་ འགོ་བཙུགས་ཏེ་ བྱང་ཕུག་རྩེ་ ཐང་དྲང་དང་ མ་ནམ་ དེ་ལས་ ཕྱེམ་མཁར་ཚུ་ནང་ རྒྱལ་ཁབ་ཀྱི་ཉེན་སྲུང་དོན་ལུ་ འཁོར་ལམ་བསལ་མ་ཆོག་ནི་དེ་གིས་ རྟ་ལམ་དེ་ དུམ་གྲ་ཅིག་ རྒྱ་སྐྱེད་འབད་དགོཔ་སྦེ་ ཡིག་ཐོག་ལུ་ དྲི་བ་ཞུ་ཡི།
ནང་སྲིད་བློན་པོ་ ཨོ་རྒྱན་རྡོ་རྗེ་གིས་ ལན་གསལ་ཞུ་མི་དང་འཁྲིལཝ་ད་ རྒེད་འོག་ལྟེ་བ་ ཁི་ནི་ལས་ བྱང་ཕུག་རྩེ་ཚུན་ རྟ་ལམ་བསལ་ཏེ་ ལོ་༡ ལྷགཔ་ཅིག་ལས་བརྒལ་ མ་འགྱོ་བས་ཟེར་ཨིན་པས།
བློན་པོ་གིས་ བཀོད་མིའི་ནང་ རྟ་ལམ་དེ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༠.༥༤༩ ལྷག་ཅིག་བཏང་སྟེ་་ སྤྱི་ལོ་༢༠༢༡ ལུ་ བསལ་ཡོདཔ་མ་ཚད་ ནང་ལ་སྒངས་ཟམ་ལས་ ཐང་དྲང་ཚུན་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ ཟད་འགྲོ་བཏང་སྟེ་ སྤྱི་ལོ་༢༠༢༡ ལུ་ རྟ་ལམ་ཅིག་ བསལ་ཚར་ཏེ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ ས་ཁོངས་ག་ཏེ་འབད་རུང་ རྒྱལ་སྤྱིའི་ས་མཚམས་ཀྱི་ ཉེ་འདབས་ལུ་ཨིན་པ་ཅིན་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་ལུ་ ཉེན་ཁ་མི་འབྱུང་ནིའི་དོན་ལས་ སྣུམ་འཁོར་འགྲོ་འགྲུལ་འབད་བཏུབ་པའི་ འཁོར་ལམ་བཟོ་ནི་ཚུ་ལས་ ག་དེ་དྲག་དྲག་ འཛེམ་དགོཔ་ཨིན་ཟེར་ ནང་སྲིད་བློན་པོ་གིས་ཞུ་ཡི།
དེ་འབདཝ་ལས་ ཁམས་དྭངས་དང་ སྨན་ལྷ་ དེ་ལས་ ཁྲ་གོམ་དང་ མེ་ལོང་ཁར་སོ་ནམ་ཞིང་ལམ་ཚུ་ཡང་ གནས་སྐབས་ཅིག་ མ་བསལ་བར་ཡོད་ཟེར་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ དགོངས་ཟ་ལས་ བྱང་ཕུག་རྩེ་གི་ རྟ་ལམ་དེ་ རྒྱ་སྐྱེད་འབད་ཞིནམ་ལས་ སྣུམ་འཁོར་ཐལཝ་ཡར་སོ་པ་ཅིན་ གཞུང་གི་སྲུང་སྐྱོབ་ཀྱི་ སྲིད་བྱུས་ལས་ འགལ་མི་ལུ་བརྟེན་ སོ་ནམ་ཞིང་ལམ་ མ་བསལ་བར་ བཀག་བཞག་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *