སྐྱེས་ལོ་༡༨ མ་ལང་མི་བུམོ་ འདོད་སྤྱོད་འབད་མི་ ཕོ་སྐྱེས་ཅིག་ལུ་ དབྱེ་རིམ་༢ པའི་ ཉེས་ཁྲིམས་བཀལ་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༡ ལང་མི་ ཕོ་སྐྱེས་ཅིག་ལུ་ སྐྱེས་ལོ་༡༢ ཡན་ཆད་དང་༡༨ མན་ཆད་ལང་མི་ བུམོ་དང་གཅིག་ཁར་ བཙན་གཡེམ་འབད་མི་ལུ་བརྟེན་ དབྱེ་རིམ་༢ པའི་ ཉེས་ཁྲིམས་བཀལ་ཡོདཔ་ཨིན་པས།

རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༥ པའི་ བདུན་ཕྲག་དང་པའི་ནང་ འཁྲུན་ཆོད་བཏོན་མི་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ སྐྱེས་ངོ་༡༦ དང་ ཟླཝ་༡ དང་ཞག་༢༠ ལང་མི་ བུམོ་དང་གཅིག་ཁར་ ལུས་འབྲེལ་འབད་ཡོད་རུང་ ཉམས་རྒུདཔ་བུམོ་དེ་ལུ་ གནོད་རྐྱེན་སྦོམ་རྐྱབ་སྟེ་མེད་པའི་ཁར་ བུམོ་གི་ཧོངས་ལས་འབད་རུང་ རྒུད་འཐུས་སོགས་ ག་ནི་ཡང་ དགོཔ་མེད་ཟེར་ ཞུ་མི་དང་འཁྲིལ་ རྒུད་འཐུས་སྤྲོད་མ་དགོ་པའི་ འཁྲུན་ཆོད་གནང་ནུག།

བྱ་ངན་དེ་ཡང་ སྤྱི་ལོ་༢༠༡༦  ཟླཝ་༡༡ པའི་ཚེས་༢༧ ལུ་ ཉེས་འཛུགས་ཅན་གྱིས་ སློབ་ཕྲུག་བུམོ་དེ་གི་ ཁྱིམ་ནང་སོང་སྟེ་ ཁོང་རའི་ དགའ་མཐུན་གྱི་ལོ་རྒྱུས་ཚུ་ སླབ་པའི་ཤུལ་ལས་ ཆང་དམ་སྦྱིས་༢ འཐུང་སྟེ་ མོས་མཐུན་ཐོག་ལས་ ལུས་འབྲེལ་འབད་ནུག་ཟེར་ བཤེར་ཡིག་ནང་ བཀོད་ནུག།

ཨིན་རུང་ བྱ་ངན་དེ་བཟུམ་འབད་མི་དེ་ རྩོད་བཤེར་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༤ ཅན་མའི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཝ་ད་ ཨ་ལོ་སྐྱེས་ལོ་༡༢ ཡན་ཆད་ལུ་ བཙན་གཡེམ་འབད་བའི་ གནོད་འགེལ་ཨིནམ་ལས་ དབྱེ་རིམ་༢ པའི་ ཉེས་ཆེན་སྨིན་དགོ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

ཉེས་འཛུགས་ཅན་དེ་ སྤྱི་ལོ་༢༠༡༦ ཟླཝ་༡༢ པའི་ཚེས་༡༧ ལས་ སྤྱི་ལོ་༢༠༡༧ ཟླཝ་༥ པའི་ཚེས་༧ ཚུན་ དོ་དམ་ནང་ བཞག་ཡོད་པའི་ལྷག་ལུས་ ལོ་ངོ་༨ དང་ཟླཝ་༦ དེ་ལས་ ཞག་༡༡ བཙོན་ཁྲིམས་སྨིན་དགོ་པའི་ བཀའ་རྒྱ་གནང་ཡོད་པའི་གནས་ཚུལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *