སྐྱིད་སྡུག་འགྲུལ་སྐྱོད་སྨན་བཅོས་སྡེ་ཕྲན་གྱིས་ གློ་བུར་སྨན་བཅོས་ཞབས་ཏོག།

༉ ད་རིས་ལས་འགོ་བཙུགས་ རྒྱ་གར་གྱི་ས་གནས་ རཱཇ་གིར་རམ་ རྒྱལ་པོའི་ཁབ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བདུན་ཕྲག་༡ གི་རིང་ སྨོན་ལམ་ཆེན་མོ་གནང་སར་ འབྲུག་དང་ རྒྱ་གར་ ནེ་པཱལ་ལས་ དགེ་སློང་དང་ ཨ་ནེམོ་ སྒོམ་ཆེན་ གནས་སྐོརཔ་ཁྲི་ཕྲག་སྦེ་ སྤུངས་འཛོམས་འབད་དེ་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་འགྲུལ་སྐྱོད་སྨན་བཅོས་སྡེ་ཕྲན་གྱིས་ རཱཇ་གིར་ལུ་ སྨོན་ལམ་ཆེན་མོ་ནང་ བཅའ་མར་གཏོགས་མི་ དད་ཅན་དང་ གནས་སྐོརཔ་ཚུ་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༢ ལས་༡༨ ཚུན་དང་ གནས་མཆོག་རྡོ་རྗེ་གདན་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༩ ལས་༢༣ ཚུན་ དམིགས་བསལ་གྱི་ ཆོས་ཕྱོགས་ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ གློ་བུར་གྱི་སྨན་བཅོས་དང་ གཞི་རྟེན་སྨན་བཅོས་ཞབས་ཏོག་ཚུ་ བྱིན་ནི་ཨིན་པས།
འགྲུལ་སྐྱོད་སྨན་བཅོས་སྡེ་ཚན་ནང་ གསོ་བའི་ལས་བྱེདཔ་ཚུ་ ཡོད་པའི་ཁར་ ཁོང་ལུ་རྒྱབ་སྐྱོར་འབད་མི་ ཁས་བླངས་པ་བདེ་སྲུངཔ་ཚུ་ཡོདཔ་ཨིན་པས།
རྒྱལ་པོའི་བརྡ་དཔོན་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ གློ་བུར་གྱི་ སྨན་བཅོས་ཞབས་ཏོག་ལེན་འདོད་ཡོད་མི་ཚུ་གིས་ སྨན་བཅོས་སྡེ་ཚན་གྱི་ ཌོག་ཊར་རྟ་མགྲིན་དབང་འདུས་ལུ་ འགྲུལ་འཕྲིན་ཨང་+༩༡ ༨༥༣༩༨ ༢༨༤༥༡ དང་ ཚེ་རིང་བསྟན་འཛིན་ལུ་+༩༡ ༨༥༣༩༨ ༢༩༡༡༨ ཆོས་ཉིད་རྡོ་རྗེ་ལུ་+༩༡ ༨༥༣༩༨ ༢༨༥༠༠ ཐོག་ལུ་ འབྲེལ་བ་འཐབ་གནང་ཟེར་ཨིན་པས།
ད་རུང་ གནས་སྐོརཔ་དང་ དད་ཅན་ཚུ་གིས་ བདེ་སྲུངཔ་འཇིགས་མེད་ཤེས་རབ་ལུ་+༩༡ ༨༣༧༦༠་༦༢༧༨༢ དང་ ལྷབ་ཚེ་རིང་ལུ་+༩༡ ༧༠༦༣༢ ༣༨༨༧༠ ཚེ་རིང་ཆོས་འཕེལ་ལུ་+༩༡ ༨༥༩༧༧ ༢༦༥༥༧ ཐོག་ལས་ འབྲེལ་བ་འཐབ་དགོ་ཟེར་ བཀོད་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *