སྐྱབས༌རྗེ༌མཆོག༌གིས༌ད༌ཚུན༌ བཀའ༌ འགྱུར༌པོ༌ཏི༌༣༢ ལྷགཔ༌ཅིག༌གི༌ ལྗགས༌ ལུང༌གནང༌ཚར༌ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱལ་བའི་གསུང་རབ་ཆེན་མོ་ བཀའ་འགྱུར་གྱི་ལྗགས་ལུང་གནང་སྟེ་ ད་རིས་འབདཝ་ད་ ཟླཝ་༡ ལང་ཡོདཔ་ད་ ད་ལྟོ་ ལྗགས་ལུང་དེ་ མདོ་སྡེ་གི་རིམ༌པ༌ གནང་དོ་ཡོདཔ་ཨིན་པས།
ཁ་ཙ་ཚུན་ སྐྱབས་རྗེ་མཆོག་གིས་ འདུལ་བ་པོ་ཏི་༡༣ དང་ མདོ་སྡེ་པོ་ཏི་༣༠ཡོད་ས་ལས་ ཛ་པའི་པོ་ཏི་༡༩ གནང་ཚར་ཡོདཔ་ལས་ བསྡོམས་ཀྱིས་ རྒྱལ་བའི་གསུང་རབ་པོ་ཏི་༣༢ གནང་ཚར་ནུག།
སྐྱབས༌རྗེ༌མཆོག༌གིས༌གནང༌མི༌ བཀའ༌འགྱུར༌ལུ༌འདུལ༌བ༌པོ༌ཏི༌༡༣ དང༌ མདོ༌སྡེ༌པོ༌ཏི༌༣༠ མྱང༌འདས༌པོ༌ཏི༌༢ ཕལ༌པོ༌ཆེ༌པོ༌ཏི༌༦ཡུམ༌རྒྱས༌པ༌པོ༌ཏི༌༡༢ཡུམ༌འབྲིང༌པ་པོ༌ཏི༌༣ ཡུམ༌བསྡུས༌པ༌བརྒྱད༌སྟོང༌པ༌པོ༌ཏི༌༡ ཤེར༌ཕྱིན༌སྣ༌ཚོགས༌པོ༌ཏི༌༢དེ༌ལས༌ རྒྱུད༌པོ༌ཏི༌༢༡ ཡོདཔ༌ཨིན༌པས།
རྒྱལ་བའི་གསུང་རབ་བཀའ་འགྱུར་ནང་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ གསུངས་གནང་མི་ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ག་ར་ ཚང་ཡོདཔ་ད་ དེ་ཡང་ འདུལ་བ་ མདོ་སྡེ་ མངོན་པ་གསུམ་ལུ་ བསྡུ་ཡོད་ས་ལས་ ད་ལྟོ་ འདུལ་བ་མཇུག་བསྡུ་གནང་སྟེ་ མདོ་སྡེ་ལུ་ ལྷོད་ཡོདཔ་ཨིན་པས།
བཀའ་འགྱུར་གྱི་ལྗགས་ལུང་གནང་སར་ དད་མོས་ཅན་གྱི་ མི་ཚུ་གིས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལུ་ མནྜལ་སྐུ་གསུང་ཐུགས་རྟེན་ཡང་ ཉིན་བསྟར་བཞིན་དུ་ ཐེངས་༤ དེ་རེ་ ཕུལ་མི༌ཐོན༌དོ་ཡོདཔ་ད་ དེ་ཡང་ ཕུལ་མི་མང༌ནི༌དེ༌གིས་ སྡེ་ཚན་གསུམ་དང་གཅིག༌ཁར་བསྡོམས་ཏེ་ ཕུལ་དོ་ཡོདཔ་ཨིན་པས།
ལྗགས༌ལུང༌འགོ༌འདྲེན༌ཚོགས༌ཆུང༌གི༌ཁྲི༌འཛིན༌འོག༌མ༌ བཀྲིས་སྒང་རབ་སྡེའི་བླམ་གནས་བརྟན་ མཁན་པོ་ཀརྨ་རང་གྲོལ་གྱིས་འབད་བ་ཅིན་ མནྜལ་གྱི༌རིམ༌པ༌ལས༌ སྐུ་རྟེན་ཕུལ་བའི་ཕན་ཡོན་ བླ་མའི་སྐུ་ཚེ་བརྟན་ཅིང་ རང་གིས་ཡང་ བླ་མ་གི་ སྐུའི་ཡོན་ཏན་ཐོབ་པའི་རྟེན་འབྲེལ་དང་ གསུང་རྟེན་ཕུལ་མི་ལུ་བརྟེན་ བླ་མིའི་གསུང་འགག་པ་མེད་པ་ཞུགས་ཏེ་ རང་གིས་ཡང་ བླ་མིའི་གསུང་གི་ ཡོན་ཏན་ཐོབ་པའི་རྟེན་འབྲེལ་ སྒྲིག་དོ་ཡོདཔ་ཨིན་པས།
ཐུགས་རྟེན༌ཕུལ༌བའི༌ཕན༌ཡོན༌དེ༌སྟོང༌ཉིད༌སྙིང༌རྗེའི༌ ངོ༌བོར༌བཞུགས༌ཏེ༌ རང༌གིས༌ བླ༌མའི༌ཐུགས༌ཀྱི༌ ཡོན༌ ཏན༌ མཐའ༌དག༌ཐོབ༌པའི༌རྟེན༌འབྲེལ༌དང༌ཡོན༌ཏན༌གྱི༌ རྟེན༌ཕུལ༌བའི༌སྐབས༌བླ༌མའི༌བྲལ༌དང༌ རྣམ༌སྨིན༌གྱི༌ ཡོན༌ཏན༌རྒྱས༌བཞིན༌དུ༌རང༌གིས༌ བླ༌མའི༌ཡོན༌ཏན༌ ཐོབ༌པའི༌ རྟེན༌འབྲེལ༌ཡོདཔ༌ཨིན༌པས།
དེ༌ལས༌འཕྲིན༌ལས༌ཀྱི༌རྟེན༌ཕུལ༌བའི༌སྐབས༌ བླ༌ མའི༌མཛད༌པ༌འཕྲིན༌ལས༌རྒྱས༌ཞིང༌ རང༌གི༌འཕྲིན༌ ལས༌རྒྱས༌ཏེ༌ བསམ༌པའི༌དོན༌ ཐམས༌ཅད༌འགྲུབ༌པའི༌ རྟེན༌འབྲེལ༌ཡོདཔ༌ལས༌མདོར༌བསྡུ༌བ༌ཅིན༌མནྜལ༌ཕུལ༌བའི༌ ཕན༌ཡོན༌བསོད༌ནམས༌ཀྱིས་ཚོགས༌ རྫོགས༌ ནི༌ལུ༌ ཕན༌པ༌སྦོམ༌ཡོདཔ༌ཨིན༌པས།
མནྜལ༌དེ༌དད༌ཅན༌སྦྱིན༌བདག༌གི༌ འོས༌འབབ༌དང༌འཁྲིལ༌དངུལ༌ཀྲམ༌འབུམ༌དང༌ ས༌ཡ༌ལས༌བཅད༌དེ༌ཕུལ༌དོ༌ཡོདཔ༌ད༌མནྜལ༌ཕུལ༌མི༌ཚུ༌ གཞུང༌དང༌གཞུང༌ མིན༌ལས༌སྡེ༌ ཆོས༌སྒོར༌ཞུགས༌མི༌ དེ༌ལས༌ ངོ༌རྐྱང༌ ཚུ༌གིས༌ཡང༌ ཕུལ༌དོ༌ཡོདཔ༌ ཨིན༌པའི༌གནས༌ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *