སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ བླམ་གསརཔ་༢ བསྐོ་བཞག་གནང་ཡོདཔ།

༉ ཁ་ཙ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཚོགས་སྐོར་ནང་དང་ དགའ་སེང་ཤ་རི་སྤངས་ཁའི་ བླམ་༢ བསྐོ་བཞག་གནང་ནུག།

སྤུ་ན་ཁ་ ཚོགས་སྐོར་ནའི་བླམ་དེ་ སྤུ་ན་ཁ་ལག་ཁུག་ལས་ སྐྱེས་ལོ་༣༩ ལང་མི་ དཔལ་འབྱོར་ཨིནམ་ད་ ཁོ་གིས་  སྐྱེས་ལོ་༡༡ ལས་ སྤུངས་ཐིམ་གྲྭ་ཚང་ནང་འཛུལ་ཏེ་ དཀྱིལ་འཁོར་གྱི་ རིམ་པ་དང་ ཆོ་ག་ཕྱག་ལེན་ དེ་ལས་ གཞུང་རིག་གནས་ཚུ་ སྦྱང་བརྩོན་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༠༨ ལས་ ལྷུང་མཚོ་བཀྲ་ཤིས་སྒང་དགོན་པར་ གྲུབ་དབང་དཀར་མདོག་ལས་ ཕྱག་ཆེན་སྔོན་འགྲོ་ཞུ་ནུག།

དེ་ལས་ དབང་འདུས་ཕྲོ་བྲང་རྫོང་ཁག་ དབུ་མ་ཁ་སྟོད་ལས་ བླམ་ཀུན་དགའ་འཕྲིན་ལས་དེ་ དགའ་སེང་ཤ་རི་སྤངས་ཁའི་བླམ་ཨིནམ་ད་ ཁོ་གིས་ སྐྱེས་ལོ་༩ ལས་ སྤུངས་ཐིམ་གྲྭ་ཚང་ནང་ འཛུལ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༡ ལུ་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་ནང་ལས་ འཛིན་གྲྭ་དགུ་པ་ མཇུག་བསྡུ་ཡོདཔ་ཨིན་པས།

ཐིམ་ཕུག་བཀྲ་ཤིས་སྒང་དགོན་པ་ལུ་ གྲུབ་དབང་དཔལ་ལྡན་བླ་མ་ སློབ་དཔོན་དཀར་མདོག་ ཞབས་སར་བཅའ་སྟེ་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་མཐར་ཕྱིན་པའི་ཤུལ་ལུ་ ཀློང་གྱུར་ཟེ་དགོན་པ་ལུ་ མཚམས་གཡོགཔ་སྦེ་ཕྱག་ཞུ་ཡོད་པའི་གནས་ཚུལ།ཨོ་རྒྱན་རྡོ་རྗེ།

About admin

Check Also

གསར་སྤང་བསམ་གཏན་གླིང་རྒེད་འོག་གི་ ཁེངས་ཨི་དིཔ་ཚུ་གིས་ གཞི་ཆགས་མི་ བདེ་ཆེན་དཔལ་རི་གི་ལོ་རྒྱུས།

༉ སྤྱི་ལོ་༢༠༠༣ གྱི་ཟླཝ་༡༠ པའི་ནང་ ས་མཚམས་བདའ་སྟེ་ སྒར་བཅགས་སྡོད་མི་ རྒྱ་གར་གྱི་ གཡིབ་དམག་སྡེ་ཚན་ཚུ་བཏོན་གཏང་ནིའི་དོན་ལུ་ ཟླཝ་༢ ལས་མེདཔ་ཨིན་མས། ཨ་སམ་དང་ བྱང་བེང་གཱལ་མངའ་སྡེའི་ གཡིབ་དམག་ཚུ་ སྒར་ཚུ་ནང་ལས་ འཐོན་འགྱོ་དགོཔ་སྦེ་ …

Leave a Reply

Your email address will not be published. Required fields are marked *