༉ སྐུལ་བསྒྲགས་འབད་ནི་གི་ དུས་ཚོད་ཉིན་གྲངས་༡ ལས་བརྒལ་མེད་མི་ལུ་བརྟེན་ གསར་སྤང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གིས་ རང་སོའི་རྒེད་འོག་ཚུ་ལས་ རྒྱབ་སྐྱོར་འཚོལཝ་མ་ཚད་ གཡུས་བཤལ་རྐྱབ་སྟེ་ མི་སེར་ག་དེ་མང་མང་དང་ཕྱད་ནི་ལུ་ རྩ་འགེངས་དོ་ཡོདཔ་ཨིན་པས།
འདེམས་ངོ་ཚུ་གིས་ སླབ་མིའི་ནང་ གསར་སྤང་རྫོང་ཁག་ལུ་ རྒེད་འོག་༡༢ ཡོདཔ་ལས་ སྐུལ་བསྒྲགས་ཀྱི་ དུས་ཚོད་ཐུང་ཀུ་ཅིག་ལས་མེདཔ་ལས་ སྒོ་བཤལ་རྐྱབ་སྟེ་ སྐུལ་བསྒྲགས་འབད་ནི་དེ་ ལཱ་ཁག་འདུག་ཟེར་ཨིན་པའི་གནས་ཚུལ།