སྐལ་བཟང་རྡོ་རྗེ་གིས་ ཤིང་དུམ་བཏོག་པའི་བསྒང་།

སྐལ་བཟང་རྡོ་རྗེ་གིས་ རྫོང་ཁག་གནས་ཚད་ཀྱི་ གཉའ་རྒོད་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ།

༉ སྐལ་བཟང་རྡོ་རྗེ་གིས་ ཁོ་ར་ ཨ་རྟག་ར་འབད་མི་ལཱ་དེ་མ་གཏོགས་ གཉའ་རྒོད་འགྲན་བསྡུར་གྱི་དོན་ལུ་ ལོགས་སུ་སྦེ་ སྦྱང་བ་མ་འབདཝ་ཨིན་པས།
རྩི་རང་ལས་ གཉའ་རྒོད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་དེ་ གཞོན་ཤོས་ཅིག་ཨིན་མི་ སྐྱེས་ལོ་༢༦ ལང་མི་ སོ་ནམ་པ་ སྐལ་བཟང་རྡོ་རྗེ་ཨིནམ་ད་ ཁོ་གིས་ གཉའ་རྒོད་གཞན་ཚུ་བཟུམ་སྦེ་ར་ སྟོབས་ཤུགས་ཡོད་ཟེར་བའི་ བློ་སྟོབས་ཡོདཔ་ཨིན་པས།
སྐལ་བཟང་རྡོ་རྗེ་གིས་ ལོ་ངོ་༢ དེ་ཅིག་གི་ཧེ་མ་ལས་ར་ གཉའ་རྒོད་འགྲན་བསྡུར་ནང་ བཅའ་མར་གཏོགས་ནི་གི་ བློ་འདོད་ཡོད་དེ་འབད་རུང་ ལོ་༢ ཀྱི་ཧེ་མར་ རྩི་རང་ལུ་ རྫོང་ཁག་གནས་ཚད་ཀྱི་ གཉའ་རྒོད་འགྲན་བསྡུར་ འགོ་འདྲེན་མ་འཐབ་མ་ཚད་ ན་ཧིང་གི་ལོ་ནང་ ཁོ་རའི་སོ་ནམ་གྱི་ ལཱ་ལུ་བརྟེན དལ་ཁོམས་མེད་པར་ བཅའ་མར་གཏོགས་མ་ཚུགས་ཟེར་ཨིན་པས།
སྐལ་བཟང་རྡོ་རྗེ་ཁོ་ར་ རྩི་རང་གི་ མཐའ་ཟུར་གཡུས་ཚན་ པ་ཚ་གླིང་རྒེད་འོག་འོག་ རྩ་ཀ་གླིང་གཡུས་ཚན་ལས་ཨིན་པས།
དེ་སྦེ་ ལྟ་བའི་སྐབས་ལུ་ གཟུགས་ཀྱི་སྟོབས་ཤུགས་ མེདཔ་བཟུམ་སྦེ་མཐོང་མི་ སྐལ་བཟང་རྡོ་རྗེ་གིས་ ཕོ་སྐྱེས་༤ ལས་ རྒྱལ་ཁ་ཐོབ་པའི་སྐབས་ རྩི་རང་གི་མི་སེར་ག་ར་ ཧ་ལས་དགོཔ་བྱུང་ནུག།
ཁོང་གཉའ་རྒོད་ཚུ་ལུ་ འགྲན་བསྡུར་ནང་ལས་ རྒྱལ་ཁ་འཐོབ་ནིའི་དོན་ལུ་ ལས་རིམ་ཁག་༤ མཇུག་བསྡུ་དགོཔ་ད་ སྐལ་བཟང་རྡོ་རྗེ་གིས་ དུས་ཡུན་སྐར་མ་༢༠ དང་ སྐར་ཆ་༡༥ ནང་ མཇུག་བསྡུ་ཡོདཔ་ཨིན་རུང་ ཁོ་དང་གཅིག་ཁར་ དོ་འགྲན་འབད་མི་ གཉའ་རྒོད་གཞན་༤ པོ་དེ་གིས་ ལས་རིམ་༢ ནང་མ་གཏོགས་ གཞན་མི་ཚུ་ འབད་མ་ཚུགསཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ལས་རིམ་ནང་ འགོ་དང་པ་ བཅའ་མར་གཏོགས་ནི་དེ་གིས་ ལས་རིམ་ཁག་༤ པོ་དེ་ མཇུག་བསྡུ་ནི་ནང་ དུས་ཚོད་འགོར་ཡོདཔ་ཨིན་རུང་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ ལྷོད་པའི་བསྒང་ལས་ ཁོ་གིས་ མགྱོགས་པ་འབད་ནི་དཔའ་བཅམ་ནི་ཟེར་ཨིན་པས།
སྐལ་བཟང་གིས་ བཤད་མིའི་ནང་ རྒྱལ་ཡོངས་གནས་ཚད་ཀྱི་ འགྲན་བསྡུར་འབདཝ་ད་ ལཱ་ཁག་རྐྱབ་ནི་ཨིན་རུང་ རྩི་རང་རྫོང་ཁག་གི་ མིང་གཏམ་འབག་འོང་ནིའི་དོན་ལས་ རྩ་འགེངས་ཏེ་ དོ་འགྲན་འབད་ནི་ཨིན་ཟེར་བའི་གནས་ཚུལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *