ས་སྟོང་༨༤༣ གྱི་དོན་ལུ་ མཐོ་རིམ་མཐར་འཁྱོལ་མི་༡,༩༩༤ གིས་ ཆོས་རྒྱུགས་རྐྱབ་ཡོདཔ།

༉ ཁ་ཙ་ གསལ་བསྒྲགས་འབད་མི་ སྤྱི་ལོ་༢༠༢༠ ལོའི་ ཞི་གཡོག་ཆོས་རྒྱུགས་ནང་ལས་ ཨམ་སྲུ་ཚུ་གིས་ ཨང་དང་པ་ལས་༣ པ་ཚུན་ དྲག་ཤོས་ཐོན་ཡོདཔ་ཨིན་པས།

ཐའི་ལེནཌ་གི་ གཙུག་ལག་སློབ་སྡེ་༢ ནང་ལས་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ བུམོ་༢ ཀྱིས་ དྲག་ཤོས་དང་པ་དང་༢ པ་ ཐོན་ཡོདཔ་ད་ ཨང་༣ པ་དེ་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ ཨིན་པས།

ཨང་དང་པ་དེ་ ཐའི་ལེནཌ་གི་ མཱའེ་ཕཱ་ལཱང་གཙུག་ལག་སློབ་སྡེ་ལས་ བཟའ་འཐུང་འཕྲུལ་རིག་ནང་ ཚན་རིག་ཤེས་ཡོན་མཇུག་བསྡུ་མི་ སྨིན་དྲུག་བཟངམོ་གིས་ སྐུགས་བརྒྱ་ཆ་༦༨.༡༤ ཐོབ་ཡོདཔ་ད་ དེ་བཟུམ་སྦེ་ ཐའི་ལེནཌ་གི་ ཁཱོན་ཀཱ་ཡིན་གཙུག་ལག་སློབ་སྡེ་ལས་ རྒྱལ་སྤྱི་མཐུན་འབྲེལ་དང་གོང་འཕེལ་གྱི་ ཨོ་ནར་ཤེས་ཚད་འཆང་མི་ ཕུན་ཚོགས་གསལ་སྒྲོན་དབང་མོ་གིས་ སྐུགས་བརྒྱ་ཆ་༦༧.༨༨ ཐོབ་སྟེ་ཨང་༢ པ་དང་ བཀང་ལུང་ཤེས་རབ་བརྩེ་མཐོ་རིམ་སློབ་གྲྭ་ལས་ རྫོང་ཁ་དང་ཨིང་སྐད་ཀྱི་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ རིན་ཆེན་ཆོས་སྒྲོན་གྱིས་ སྐུགས་བརྒྱ་ཆ་༦༧.༡༠ ཐོབ་སྟེ་ ཨང་༣ པ་ཐོན་ནུག།

རྫོང་ཁའི་དབྱེ་ཁག་ནང་ལས་ ཀྲོང་གསར་སྟག་རྩེ་ རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ལས་ ཨོ་ནརསི་གི་ ཤེས་ཚད་ཡོད་མི་ རྡོ་རྗེ་དབང་གྲགས་ཀྱིས་ སྐུགས་བརྒྱ་ཆ་༧༠.༡༧ ཐོབ་སྟེ་ ཨང་དང་པ་དང་ མཐོ་རིམ་སློབ་གྲྭ་དེ་ནང་ལས་ཨིན་མི་ ཡེ་ཤེས་ལྷ་མོ་གིས་ སྐུགས་བརྒྱ་ཆ་༧༠.༠༢ ཐོབ་སྟེ་ཨང་༢ པ་ དེ་ལས་ སེམས་རྟོགས་ཁ་ སེམས་དོན་རིག་པའི་སྤེལ་ཁང་ལས་ ཤེས་རབ་ལྷ་མོ་གིས་ སྐུགས་བརྒྱ་ཆ་༦༩.༣༢ ཐོབ་སྟེ་ ཨང་༣ པ་ཐོན་ནུག།

འཕྲུལ་རིག་གི་ དབྱེ་ཁག་ནང་ལས་ རྒྱ་གར་གྱི་ ས་སྣུམ་དང་ནུས་ཤུགས་གཙུག་ལག་སློབ་སྡེ་ལས་ ས་ཆ་རིག་པ་དང་བརྡ་དོན་ནང་ བཟོ་རིག་གི་མཐོ་རིམ་ཤེས་ཚད་འཆང་མི་ ཨོ་རྒྱན་ཚེ་རིང་གིས་ སྐུགས་བརྒྱ་ཆ་༧༥.༧༤ ཐོབ་སྟེ་ ཨང་དང་པ་དང་ ཨང་༢ པ་དེ་ རྒྱ་གར་ཨེ་མི་ཊི་གཙུག་ལག་སློབ་སྡེ་ལས་ གནས་སྡུད་ཀྱི་ཤེས་ཚད་འཆང་མི་ འཇིགས་མེད་ཆོས་སྒྲོན་གྱིས་ ཐོན་ཡོདཔ་ད་ ཨང་༣ པ་དེ་ རྒྱ་གར་ཀ་ལིང་ག་གཙུག་ལག་སློབ་སྡེ་ལས་ ཁྲིམས་དོན་གྱི་ཤེས་ཚད་འཆང་མི་ ལས་སྐྱིད་ཚེ་རིང་གིས་ ཐོན་ཡོདཔ་ཨིན་པས།

སློབ་དཔོན་སློབ་སྦྱོང་གི་ རྫོང་ཁ་དབྱེ་ཁག་ནང་ལས་ སྤ་རོ་ལས་ རིག་འཛིན་སྒྲོལ་མ་གིས་ སྐུགས་བརྒྱ་ཆ་༧༡.༤༧ ཐོབ་སྟེ་ ཨང་དང་པ་དང་ ཨང་༢ པ་དེ་ རྡོ་རྗེ་ལྷ་མོ་དང་ ཨང་༣ པ་དེ་ བསོད་ནམས་དབང་ཕྱུག་གིས་ཐོན་ནུག།

དེ་བཟུམ་སྦེ་ སྤྱིར་བཏང་ཤེས་རིག་མཐོ་རིམ་སློབ་སྦྱོང་ནང་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ལས་ འཇམ་དཔལ་དཔལ་བཟང་གིས་ ཨང་དང་པ་དང་ མ་ལི་ཤི་ཡ་ལས་ དམིགས་བསལ་ཤེས་རིག་གི་ ཤེས་རིག་མཐོ་རིམ་ནང་ ཨོ་ནརསི་རྐྱབ་མི་བསྟན་འཛིན་ཡོན་ཏན་གྱིས་ ཨང་༢ པ་ དེ་ལས་ དཀོན་མཆོག་ཚེ་རིང་གིས་ ཨང་༣ པ་ཐོན་ནུག།

ཞི་གཡོག་ལྷན་ཚོགས་ཀྱིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ ལུ་ ཆོས་རྒྱུགས་རྐྱབ་མིའི་གྱངས་ཁ་དེ་ འདས་པའི་ལོ་དང་ཕྱདཔ་ད་ བཅའ་མར་གཏོགས་མི་ ཨམ་སྲུ་༨༡༨ ཡོད་ས་ལས་༡,༢༣༨ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།

དེ་བཟུམ་སྦེ་ ཕོ་སྐྱེས་ཀྱི་གྱངས་ཁ་ཡང་ སྤྱི་ལོ་༢༠༡༩ ལུ་༩༣༠ ཡོད་ས་ལས་ སྤྱི་ལོ་༢༠༢༠ ལུ་༡,༡༦༢ ལུ་ ཡར་སེང་སོང་ཡོདཔ་ད་ ཞི་གཡོག་ཞབས་ཏོག་གི་གོ་གནས་དང་ འཛིན་སྐྱོང་དབྱེ་ཁག་ནང་ ས་སྟོང་༨༤༣ ཡོདཔ་ཨིན་པས།

ཆོས་རྒྱུགས་ནང་ ཡོངས་བསྡོམས་༢,༤༠༠ གིས་ བཅའ་མར་གཏོགས་མིའི་གྲས་ལས་ རྒྱལ་ཁབ་ནང་འཁོད་ལས་ མཐར་འཁྱོལ་མི་༢,༠༧༡ ཐོན་མི་དེ་ མཐོ་ཤོས་ཨིནམ་ད་ དེའི་ཤུལ་ལས་ རྒྱ་གར་ལས་༢༦༢ དང་ བང་ལ་དེཤ་དང་ ཤྲི་ལངྐ་ ཐའི་ལེནཌ་ མ་ལེ་ཤི་ཡ་ ཡུ་ཨིསེ་ཨེ་ ཨཱསི་ཊེ་ལི་ཡ་ རྒྱ་ནག་ ཀིའུ་བ་ ཨཱིས་ཊོ་ནི་ཡ་རྒྱལ་ཁབ་ཚུ་ནང་ལས་ མཐར་འཁྱོལ་མི་ཚུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *