ཤེས་རིག་ལམ་ལུགས་དང་བསྟུན་པའི་ གདོང་ལེན།

༉ སློབ་གྲྭའི་དཔེ་དེབ་ཚུ་ནང་ འཛོལ་བ་དང་ནོར་བ་ཞུགས་ཡོད་པའི་ དཀའ་ངལ་བྱུང་ཡོདཔ་བཞིན་དུ་ ང་བཅས་ར་ འབྲུག་པའི་མི་སྡེ་ཚུ་ནང་ ཤེས་རིག་གི་སྤུས་ཚད་ མར་ཉམས་འགྱོ་བའི་སྐོར་ལས་ར་ ལོ་རྒྱུས་ཚུ་ སླབ་སྡོད་པའི་ མཐོང་གསལ་བྱུངམ་ཨིན་མས།
དཀའ་ངལ་ངོ་མ་དེ་ར་ ང་བཅས་རའི་ མི་སྡེ་ཚུ་གིས་ འཛོལ་བ་དང་ནོར་བ་ཚུ་ བཟོ་ཡོད་རུང་ དེ་ལུ་ ཆ་གནས་འབད་མི་ལུ་ལྟཝ་ད་ སྟབས་མ་བདེ་བའི་ གནས་སྟངས་ཅིག་སྦེ་ ཚོརཝ་ཨིན་མས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་ཤེས་རིག་ཚོགས་སྡེ་གིས་ སློབ་གྲྭའི་དཔེ་དེབ་ཚུ་ནང་ འཛོལ་བ་བཟོ་མི་ཚུ་ག་ར་ བཅོ་ཁ་རྐྱབ་ནིའི་ གསུང་གྲོས་གནང་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས།
གལ་སྲིད་ སློབ་དཔོན་ཚུ་ལུ་ སློབ་སྟོན་འབདཝ་དང་འབྲེལ་ དག་བཅོས་འབད་བཅུག་པ་ཅིན་ དེ་ཡང་ ཉེན་ཁ་ཡོདཔ་མ་ཚད་ གནས་ཚད་དང་མ་མཐུན་པའི་ དཔེ་དེབ་ཚུ་གིས་ ལྷབ་མི་ཚུ་ལུ་ གནོད་ཉེན་ཡོདཔ་ཨིན།
འཕྲལ་ཁམས་ཅིག་ཁར་ ཤེས་རིག་བློན་པོ་དང་གཅིག་ཁར་ གྲོས་འཛོམས་ཅིག་འཚོགས་པའི་སྐབས་ འབྲུག་པའི་ཤེས་རིག་ལམ་ལུགས་ཀྱི་ མ་འོངས་གནས་ཚད་སྐོར་ལས་ གྲོས་བསྟུན་འབད་ཡི།
ང་བཅས་རའི་ སློབ་གྲྭ་ཚུ་ནང་ དུས་ཀྱི་འགྱུར་བ་དང་བསྟུན་ སློབ་ཁང་ལངམ་སྦེ་དགོ་པའི་ཁར་ འོས་འབབ་དང་ལྡན་པའི་ དཔེ་དེབ་ཚུ་ ངེས་པར་དུ་དགོཔ་འདུག།
ཤེས་རིག་ལྷན་ཁག་གིས་ སློབ་གྲྭའི་དཔེ་དེབ་ཚུ་ འབག་མ་དགོ་པའི་ ལམ་ལུགས་ཅིག་ གཞི་བཙུགས་འབད་ནིའི་སྐོར་ལས་ གསུང་གྲོས་གནང་པའི་བསྒང་ཡོད་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་རུང་ ད་ལྟོ་ ང་བཅས་ར་ ལམ་ཕྱོགས་འདི་གི་དོན་ལུ་ གྲ་སྒྲིག་ཡོདཔ་ཨིན་ན?
ང་བཅས་རའི་ ཨ་ལོ་ཚུ་གིས་ ཁོང་ལུ་ དགོས་མཁོ་ཡོད་མི་ཚུ་ དེ་འཕྲོ་ལས་ འཐོབ་ཚུགས་པའི་ དཔེ་མཛོད་ཡོདཔ་ཨིན་ན? ད་ལྟོ་ དེ་བཟུམ་མའི་ མཐུན་རྐྱེན་ཚུ་མེད་པ་ཅིན་ གཞི་བཙུགས་འབད་དགོ་པའི་ དུས་ཚོད་ན་འཐན་རན་ནུག།
མ་གཞི་ དེང་སང་གི་ འཕྲུལ་རིག་ཐོག་ལས་ སློབ་སྟོན་འབད་ནི་གི་ ཐབས་ཤེས་ཚུ་ འབྲེལ་ཡོད་ལྷན་ཁག་གིས་ ལྟ་དོ་ཡོདཔ་ཨིན་རུང་ ང་བཅས་ཀྱིས་ འབྲུག་མི་ཆ་མཉམ་གྱི་དོན་ལུ་ ཞབས་ཏོག་ཚུ་ལངམ་སྦེ་ བཟོ་ཡོདཔ་ཨིན་ན?
བསྒྱུར་བ་འབག་འོང་ནི་དེ་ མདུན་སྐྱོད་ཀྱི་ཐབས་ལམ་ཅིག་ཨིན་རུང་ ང་བཅས་རའི་ འཆར་སྣང་དེ་ཡང་ འོས་འབབ་དང་མ་ལྡནམ་སྦེ་ རྩ་ལས་འགྱོ་བཅུག་ནི་མི་འོང་།
ད་ལྟོ་ འཕྲལ་ལུ་དགོཔ་དེ་ར་ ལེགས་བསྒྱུར་གྱི་ ཐབས་ལམ་དོན་ལུ་ འགྲོས་ཀྱིས་སྦེ་ གོམ་པ་མདུན་དུ་སྤོ་དགོཔ་ད་ དེ་ཡང་ དཔེ་འབད་བ་ཅིན་ ལཱ་གཡོག་བཟུམ་མའི་གནད་དོན་དང་ དངོས་འབྲེལ་གང་མང་ཡོད་པའི་ སློབ་ཁང་ཤེས་ཡོན་ཚུ་ ག་དེ་སྦེ་ བྱིན་ནི་ཨིན་ན་ཚུ་ བལྟ་དགོཔ་འདུག།
ད་རེས་ གདོང་ལེན་ངོ་མ་བྱུང་མི་དེ་ར་ ཨ་ལོ་ཚུ་གིས་ སློབ་ཁང་གི་ཕྱི་ཁར་ གདོང་བཟང་ཚུགས་པའི་ གྲ་སྒྲིག་ལམ་ཕྱོགས་ནང་ ཤེས་ཡོན་བྱིན་དགོཔ་མ་གཏོགས་ རེ་འདོད་སྦོམ་སྦེ་ར་ བསྐྱེད་དགོཔ་ཅིག་ མིན་འདུག་ཟེར་མནོཝ་མས།
མ་གཞི་ ང་བཅས་ཀྱིས་ སློབ་གྲྭའི་དཔེ་དེབ་ཚུ་ འབག་མ་དགོ་པའི་ཐོག་ལས་ སློབ་སྟོན་འབད་ནིའི་ དམིགས་འཆར་བསྐྱེད་མི་དེ་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་རུང་ འདི་བ་གལ་ཆེཝ་སྦེ་ ང་བཅས་རའི་ ཨ་ལོ་ཚུ་ལུ་ འཛོལ་བ་དང་ནོར་བ་མེད་པར་ བརྡ་དོན་བྱིན་དགོཔ་འདུག།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *