༉ སྤྱི་ཟླ་༦ པའི་ཚེས་༩ ལུ་ བཀང་ལུང་ཤེས་རབ་རྩེ་ གཙུག་ལག་གཙོ་འཛིན་རྒྱལ་རྟགས་ཀྱི་ ཕུཊ་བཱོལ་འགྲན་བསྡུར་ནང་ལས་ ཤེས་རབ་རྩེ་སྡེ་ཚན་གྱིས་ སྤུན་ཆ་སྡེ་ཚན་ལུ་ གཱོལ་༥ བཙུགས་ཏེ་ རྒྱལ་ཁ་ཐོབ་ནུག།
སྤུན་ཆ་སྡེ་ཚན་གྱི་ རྩེད་འགྲན་པ་ བཙན་དྲགས་རྡོ་རྗེ་དེ་ ཐིམ་ཕུག་ཨེཕ་སི་ རྩེད་འགྲན་འབད་མི་ཅིག་ཨིནམ་ལས་ ཤེས་རབ་རྩེ་སྡེ་ཚན་གྱིས་ དོ་འགྲན་ཅན་ཅིག་སྦེ་ རྩེད་འགྲན་འབད་ཡོདཔ་ཨིན་པས།
གཙུག་ལག་གཙོ་འཛིན་རྒྱལ་རྟགས་ཀྱི་ ཕུཊ་བཱོལ་རྩེད་འགྲན་དེ་ འགོ་དང་པ་ཨིནམ་ད་ རྩེད་འགྲན་འབད་དེ་ སྐར་མ་༣༥ ནང་ སྤུན་ཆ་སྡེ་ཚན་གྱིས་ ཤེས་རབ་རྩེ་ལུ་ གཱོལ་དང་པ་ བཙུགས་ཡོད་རུང་ སྐར་མ་༤༢ ནང་ ཤེས་རབ་རྩེའི་ བསྟན་འཛིན་འཕྲིན་ལས་ཀྱིས་ གཱོལ་བཙུགས་༡ བཙུགས་ཡོདཔ་མ་ཚད་ བར་མཚམས་ལས་ ལོག་འགོ་བཙུགས་ཏེ་ དུས་ཡུན་༤ ནང་འཁོད་ལུ་ ཁོ་གིས་ གཱོལ་༢ པམ་དེ་བཙུགས་ནུག།
ཨིན་རུང་ དུས་ཡུན་སྐར་མ་དག་པ་ཅིག་གི་ཤུལ་ལས་ སྤུན་ཆའི་རྩེད་འགྲན་པ་ བསོད་ནམས་རབ་རྒྱས་ཀྱིས་ ཤེས་རབ་ལུ་ གཱོལ་བཙུགས་ཡོདཔ་ཨིན་པས།
བསྟན་འཛིན་འཕྲིན་ལས་ཀྱིས་ སླབ་མིའི་ནང་ རྩེད་འགྲན་དེ་ དོ་འགྲན་ཅན་ཅིག་ཨིན་རུང་ སྡེ་ཚན་ཐོག་ལས་ རྩེད་འགྲན་འབད་ཡི་ཟེར་ཨིནམ་ད་ བྱང་ཕྱད་སྡེ་ཚན་ནང་ ལྕོགས་གྲུབ་ཅན་གྱི་ རྩེད་འགྲན་པ་ཡོད་རུང་ རྒྱལ་ཁ་ཐོབ་མི་དེ་ཡང་ ད་རིས་ཀྱི་ཟླཝ་ནང་ མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་འགྱོ་མི་ ན་གཞོན་ཚུ་གི་དོན་ལུ་ཨིན་ཟེར་ཨིན་པས།
རྒྱལ་ཁ་ཐོབ་མི་ཚུ་ལུ་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ རྒྱལ་རྟགས་དང་གཅིག་ཁར་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༣༠,༠༠༠ དང་ ཨང་༢ ཐོན་མི་ སྡེ་ཚན་ལུ་ དངུལ་ཀྲམ་༨༠,༠༠༠ བྱིན་ནུག།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཕི་ཕ་ལས་ སློབ་སྟོན་པའི་ ངོ་སྦྱོར་ལག་ཁྱེར་ཡོད་མི་ ཡོན་ཏན་ཆོས་འཕེལ་གྱིས་ ཟླ་ངོ་༡ གི་རིང་འགོ་འདྲེན་འཐབ་ཡོད་མི་ རྩེད་འགྲན་ནང་ པདྨ་དགའ་ཚལ་དང་ མོང་སྒར་ བསམ་གྲུབ་ལྗོངས་མཁར་ བཀྲིས་གཡང་རྩེ་ བཀྲིས་སྒང་ལས་ སྡེ་ཚན་༣༨ ཀྱིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།