ཤར་ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ གསོ་བའི་ཞབས་ཏོག་ལེགས་བཅོས་དོན་ལུ་ མཉམ་འབྲེལ་དགོཔ།

༉ ཤར་ལྷོ་ཨེ་ཤ་ཡ་ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་༡༡ ཆ་མཉམ་གྱིས་ གོང་ཚད་རན་ཏོང་ཏོ་དང་ ཉེན་སྲུང་གི་ཐོག་ལས་ སྨན་གྱི་ཞབས་ཏོག་ འཐོབ་ཚུགས་ནི་དེ་ ད་ལྟོའི་བར་ན་ཡང་ དོ་འགྲན་ཅན་ཅིག་ཨིནམ་ད་ མ་གཞི་ ལུང་ཕྱོགས་དེ་ནང་ གསོ་བའི་ཞབས་ཏོག་གི་ཐད་ཁར་ ལེ་ཤ་གིས་ གོང་འཕེལ་སོང་ཡོད་རུང་ ད་རུང་ ལེགས་བཅོས་འབད་དགོཔ་ ཡོད་ཟེར་ཨིན་པས།
དེའི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ མཱལ་དིབསི་གི་རྒྱལ་ས་ མཱ་ལེ་ལུ་སྦེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ འཐུས་མི་རྒྱལ་ཁབ་ཚུ་གིས་ གསལ་ཞུ་འབད་ཡོདཔ་ད་ དེ་བསྒང་ རྒྱལ་ཁབ་ལ་ལོ་ཅིག་གིས་ སླབ་མིའི་ནང་ ལུང་ཕྱོགས་ནང་ གསོ་བའི་ཞབས་ཏོག་ ལེགས་ཤོམ་སྦེ་ འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ འཐུས་མི་ཚུ་གི་བར་ན་ མཉམ་རུབ་ཐོག་ལས་ ལཱ་འབད་དགོཔ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༦ ལས་༡༠ ཚུན་ ཞལ་འཛོམས་འཚོགས་པའི་སྐབས་ བརྗོད་དོན་ངོ་མ་ སྨན་གྱི་ཞབས་ཏོག་ཚུ་ ལེགས་ཤོམ་དང་ གཅིག་མཚུངས་འཐོབ་ཚུགསཔ་ བཟོ་ནི་དེ་ཨིནམ་ད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ལུང་ཕྱོགས་མདོ་ཆེན་ ཌོག་ཊར་ པུ་ནམ་ ཁེ་ཊ་པཱལ་གྱིས་ སླབ་མིའི་ནང་ ཨེ་ཤི་ཡ་ལུང་ཕྱོགས་ནང་ གསོ་བའི་མཐུན་རྐྱེན་ ལེགས་བཅོས་འབད་ནིའི་དོན་ལུ་ འཐུས་མི་རྒྱལ་ཁབ་ཚུ་ལས་ རྒྱབ་སྐྱོར་དགོཔ་ཁག་ཆེ་ཟེར་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ མ་གཞི་ལུང་ཕྱོགས་ནང་ ཤར་ལྷོ་ཨེ་ཤི་ཡའི་ གསོ་བའི་སྒྲིག་གཞི་ཅིག་བཟོ་མི་དེ་གིས་ གསོ་བའི་ཞབས་ཏོག་ སྨན་ལ་སོགས་པ་ཚུ་ སྤུས་ཚད་ཅན་ འཐོབ་ཚུགསཔ་ བཟོ་ནིའི་དོན་ལུ་ ཕན་ཐོགས་འབྱུང་ནི་ཨིན་རུང་ སྒྲིག་གཞི་དེ་ལུ་ གཞི་བཞག་སྟེ་ ལཱ་འབད་ཐངས་ གོང་འཕེལ་གཏང་དགོཔ་ཡང་ ཁག་ཆེ་ཟེར་ཨིན་པས།
ཨིན་རུང་ ནད་གཞི་ ཨེཆ་ཨེའི་བི་དང་ཨེཌསི་ བད་ཀེན་ནད་གཞི་ དེ་ལས་ ཚད་ནད་ལ་སོགས་པ་ཚུ་ བཀག་ཐབས་ཀྱི་དོན་ལུ་ སྨན་ཁབ་ཀྱི་ ཁྱབ་ཚད་ལེགས་ཤོམ་ཡོད་ཟེར་ཨིནམ་ད་ ད་རེས་ དཀའ་ངལ་ཅིག་ དུས་ཀྱི་འགྱུར་བ་དང་བསྟུན་པའི་ནད་གཞི་ ཁྲག་ཤུགས་ཡར་སེང་དང་ གུ་རམ་གྱི་ནད་གཞི་ལ་སོགས་ཚུ་ བཀག་ཐབས་ཀྱི་དོན་ལུ་ སྨན་གྱི་ཁྱབ་ཚད་དེ་ ལེགས་ཤོམ་མེདཔ་ཨིན་པས།
གསོ་བའི་ཞབས་ཏོག་ ལེགས་བཅོས་འབད་དགོ་པ་ཅིན་ སྨན་གྱི་རིགས་ཚུ་ མཁོ་སྒྲུབ་འབད་ནིའི་ ལམ་ལུགས་དང་ དེའི་དོན་ལུ་མ་དངུལ་ དེ་ལས་ བཀྲམ་སྤེལ་ལ་སོགས་པའི་ ལམ་ལུགས་ལེགས་བཅོས་འབད་དགོཔ་ ཁག་ཆེ་བས་ཟེར་ཨིནམ་ད་ ད་རེས་ ལུང་ཕྱོགས་ནང་ སྨན་རིགས་མཁོ་སྒྲུབ་འབད་ནིའི་དོན་ལུ་ མ་དངུལ་མེད་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ མི་ས་ཡ་༦༥ དེ་ཅིག་ དབུལ་ཕོངས་ཀྱི་དཀའ་ངལ་ནང་ སྡོད་དགོཔ་ཐོནམ་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *