སྦྱོང་བརྡར་ལས་རིམ་གྱིས་ གླིང་འཛིན་པ་ཚུ་གི་ ལྕོགས་གྲུབ་དང་ རིག་རྩལ་ཡར་དྲག་གཏང་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

ཤ་བདའ་ནི་དང་ ཤིང་དུམ་གྱི་ལཱ་ བཀག་ཐབས་ཀྱི་ སྦྱོང་བརྡར་བྱིན་ཡོདཔ།

༉ གསར་སྤང་ལུ་ སྤ་རོ་དང་ གསར་སྤང་རྫོང་ཁག་༢ ལས་ ནགས་ཚལ་གླིང་འཛིན་པ་༩༠ གིས་ རི་དྭགས་སེམས་ཅན་ ཤ་བདའ་ནི་དང་ ཁྲིམས་འགལ་ཐོག་ ནགས་ཤིང་བཏོག་ནི་དང་ ཤིང་དུམ་གྱི་ ལཱ་ཚུ་ལས་ ཉེན་སྐྱོབ་འབད་ཐངས་ཀྱི་ སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པས།

དེ་ཡང་ ཉིན་གྲངས་༥ འབད་མི་ སྦྱོང་བརྡར་དེ་ འཛམ་གླིང་རི་དྭགས་སེམས་ཅན་མ་དངུལ་གྱི་ མཁས་མཆོག་གིས་ བྱིནམ་ཨིན་པས།

མ་གཞི་ གླིང་འཛིན་པ་ཚུ་ལུ་ ཉེན་ཁ་ལེ་ཤ་ཡོད་རུང་ གཞུང་འབྲེལ་གྱི་ སྦྱོང་བརྡར་མེད་པར་ ཁོང་རའི་ འགན་ཁུར་འབག་བཞིན་དུ་འདུག་ཟེར་ མཁས་མཆོག་གིས་ བཤད་པའི་ཁར་ ལ་ལོ་ཅིག་གིས་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ཡོད་རུང་ དོ་འགྲན་ཅན་གྱི་ ས་ཁོངས་ཚུ་ནང་ གདོང་ཐུག་འབད་ཚུགས་པའི་ ལུགས་མཐུན་གྱི་ སྦྱོང་བརྡར་དང་ དེ་དང་འབྲེལ་བའི་ མཐུན་རྐྱེན་ཚུ་ མིན་འདུག་ཟེར་ བཤདཔ་ཨིན་པས།

རི་དྭགས་སེམས་ཅན་དང་འབྲེལ་བའི་ ཁྲིམས་ལུགས་བསྟར་སྤྱོད་འབད་ཐངས་ཀྱི་སྐོར་ སྦྱོང་བརྡར་ཐོག་ལས་ གླིང་འཛིན་པ་ཚུ་གིས་ རི་དྭགས་སེམས་ཅན་ཚུ་དང་ འཁྱམས་སའི་ས་ཁོངས་ཚུ་ སྲུང་སྐྱོབ་འབད་ནིའི་དོན་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ གླིང་འཛིན་པ་ཚུ་ ལཱ་འབད་སའི་ ས་ཁོངས་ཚུ་ནང་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

སྦྱོང་བརྡར་གྱི་སྐབས་ལུ་ གླིང་འཛིན་པ་ཚུ་གིས་ དོགས་ཅན་ཚུ་ ཁྲིམས་མཐུན་སྦེ་ འཛོལ་མེད་ཐོག་ འཛིན་བཟུང་དང་ དོ་དམ་འོག་ལུ་ བཞག་ཐངས་དང་ ཁྲིམས་འགལ་གྱི་ ལས་སྣ་ཚུ་གི་ མངོན་རྟགས་དང་ སྒྲུབ་བྱེད་ཚུ་ ངོས་འཛིན་འབད་ཐངས་ཀྱི་ རིག་རྩལ་ཚུ་ ལྷབ་ཡོདཔ་ཨིན་པས།

ནངས་པ་ལས་ རྒྱལ་གཞུང་མ་ནཱསི་རྒྱལ་ཡོངས་གླིང་ག་དང་ ཕིབ་སུ་རི་དྭགས་སྲུང་སྐྱོབ་ལྟེ་བ་ དེ་ལས་ ཇོ་མོ་གཙང་ཁ་ རི་དྭགས་སྲུང་སྐྱོབ་ལྟེ་བའི་ གླིང་འཛིན་པ་ཚུ་ལུ་ སྦྱོང་བརྡར་བྱིན་ནི་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *