ལྷོ་ཨེས་ཤ་ལུང་ཕྱོགས་ནང་ འབྲུག་འདི་ གློག་རིག་ཡོངས་འབྲེལ་ལག་ལེན་ མཐོ་ཤོས་ཨིན་པའི་ངོས་འཛིན།

༉ འབྲུག་ལུ་ ན་གཞོན་༡༠ ལས་༤ དེ་ཅིག་ གློག་རིག་ཡོངས་འབྲེལ་ལག་ལེན་ནང་ ལང་ཤོར་ཐལ་ཡོདཔ་སྦེ་ ཌོག་ཊར་སྡེ་ཚན་ཅིག་གིས་ ཞིབ་འཇུག་འབད་མིའི་ནང་བཀོད་ནུག།

ཞིབ་འཇུག་དེ་གིས་ སློབ་གྲྭ་ཆེ་བའི་ནང་འགྱོ་མི་ ན་གཞོན་བརྒྱ་ཆ་༤༠ དེ་ཅིག་ གློག་རིག་ཡོངས་འབྲེལ་ལུ་ ལང་ཤོལ་ཐལ་ཡོད་པའི་ གསལ་སྟོན་འབདཝ་མས།

གློག་རིག་ཡོངས་འབྲེལ་ནང་ ལང་ཤོར་ཐལ་མི་དེ་ དུས་ཚོད་མང་ཤོས་ར་ ཨིན་ཊར་ནེཊ་ལག་ལེན་འཐབ་ཐོག་ལས་ ཕམ་སྤུན་ཆ་ཚུ་ལུ་ དུས་ཚོད་བྱིན་མ་ཚུགས་པའི་ཁར་ རང་སའི་ལཱ་དང་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཐོ་ཕོག་མི་ལུ་ གོཝ་ཨིན་པས།

ཞིབ་འཚོལ་དེ་ཡང་ གདམ་ཁ་ཅན་གྱི་ སློབ་གྲྭ་ལྟེ་བ་༦ དང་ སྒེར་གྱི་སློབ་གྲྭ་༦ གི་ སློབ་རིམ་༩ པ་ལས་༡༢ པ་ཚུན་གྱི་ ན་གཞོན་སློབ་ཕྲུག་༧༢༡ དེ་ཅིག་ལུ་ དྲི་བ་དྲིས་ལན་ཐོག་འབད་ཡོདཔ་ཨིན་པས།

བརྟག་ཞིབ་དེ་ ན་ཧིང་ སྤྱི་ཟླ་༥ པ་ལས་ སྤྱི་ཟླ་༡༡ པ་ཚུན་ཚོད་ འབད་བའི་སྐབས་ལུ་ ན་གཞོན་བརྒྱ་ཆ་༣༨ གློག་རིག་ཡོངས་འབྲེལ་ལག་ལེན་ནང་ ལང་ཤོར་ཐལ་སག་ས་དང་ རྒྱ་ཆ་༢ ལང་ཤོར་ཐལ་ཡོད་པའི་ མངོན་གསལ་བྱུང་ནུག།

བརྟག་ཞིབ་ཀྱི་ གྲུབ་འབྲས་དེ་ཡང་ ཐིམ་ཕུག་ལུ་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ མཇུག་བསྡུ་མི་ རྒྱལ་སྤྱི་སྨན་བཅོས་དང་ གསོ་བའི་ཚན་རིག་ཞལ་འཛོམས་ཐེངས་༤ པའི་ནང་ གསལ་སྟོན་འབད་ཡོདཔ་ཨིན་པས།

གེ་སེར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ གཙུག་ལག་སྒྲིག་འཛིན་འོགམ་ ཌོག་ཊར་ཀརྨ་བསྟན་འཛིན་གྱིས་ བཤད་མིའི་ནང་ གློག་རིག་ཡོངས་འབྲེལ་ལག་ལེན་ནང་ ལང་ཤོར་ཐལ་མི་ཚུ་ སེམས་ཁམས་ཀྱི་ནད་དང་ སེམས་ཚ་གྱང་ དེ་ལས་ སེམས་ཚབ་ཚུབས་བཏང་མི་དང་ འབྲེལ་གནད་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འདི་བཟུམ་ལང་ཤོར་ཐལ་མི་དེ་ སེམས་ཤི་མི་དང་ སེམས་ཚབ་ཚུབས་བྱུང་མི་ལུ་བརྟེན་ཨིན་ན་ སླབ་མི་ཚུགས་ནི་ཨིན་རུང་ བརྟག་ཞིབ་དང་འཁྲིལཝ་ད་ ལང་ཤོར་ཐལ་མི་ཚུ་ སེམས་ཁམས་ཀྱི་ནད་དང་ སེམས་ཚབ་ཚུབས་བྱུང་ཡོད་པའི་ མངོན་གསལ་བྱུངམ་ལས་ བརྡ་དོན་ཡོངས་འབྲེལ་ལག་ལེན་ནང་ འབྲུག་འདི་ ཤར་ལྷོ་ཨེ་ཤ་ལུང་ཕྱོགས་ནང་ མཐོ་ཤོས་སྦེ་འདུག་ཟེར་ བཤདཔ་ཨིན་པས།

འབྲུག་ལུ་ སྤྱི་ལོ་༢༠༡༧ ལུ་ གློག་རིག་ཡོངས་འབྲེལ་ལག་ལེན་འཐབ་མི་ བརྒྱ་ཆ་༧༥ ཡོད་མི་དེ་ཡང་ ལུང་ཕྱོགས་ནང་ མཐོ་ཤོས་ཅིག་ཨིནམ་ད་ འགྲུལ་འཕྲིན་ལག་ལེན་འཐབ་མི་ བརྒྱ་ཆ་༩༢ ཡོདཔ་ཨིན་པས།

ཌོག་ཊར་ཀརྨ་བསྟན་འཛིན་གྱིས་ བཤད་མིའི་ནང་ རང་སོའི་ཁྱིམ་ནང་ གློག་རིག་གི་ མཐུན་རྐྱེན་ཡོད་མི་དང་ འགྲུལ་འཕྲིན་ལག་ལེན་ མི་སྡེའི་ཡོངས་འབྲེལ་ དེ་ལས་ ནུབ་མོར་ཡོངས་འབྲེལ་ལག་ལེན་འཐབ་མི་དེ་གིས་ཡང་ ལང་ཤོར་ཐལ་ནུག་ཟེར་ཨིནམ་ད་ རྒྱུ་མཚན་དེ་ལུ་བརྟེན་ཏེ་ ན་གཞོན་ཚུ་གིས་ ཤེས་ཡོན་གྱི་ གྲུབ་འབྲས་ལེགས་ཐོན་ལུ་ ཐོ་ཕོག་ཡོདཔ་མ་ཚད་ གཉིད་ལོག་མ་བཏུབ་པའི་ དཀའ་ངལ་ཚུ་ བྱུངམ་ཨིན་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།

བརྟག་ཞིབ་དང་འཁྲིལཝ་ད་ བརྒྱ་ཆ་༧༩ གིས་ ཤེས་ཡོན་གྱི་དོན་ལུ་དང་ བརྒྱ་ཆ་༥༧ གིས་ མི་སྡེའི་བརྡ་བརྒྱུད་ཡོངས་འབྲེལ་ ལག་ལེན་འཐབ་མ་ཚད་ བརྒྱ་ཆ་༢༩ གིས་ རྩེད་རིགས་ཀྱི་དོན་ལས་ ལགལེན་འཐབ་དོ་ཡོད་པའི་ མངོན་གསལ་བྱུང་ཡོད་པའི་གནས་ཚུལ།

སྐད་སྒྱུར་ པདྨ་རིག་འཛིན།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *