གཡོན་ཁ་ཐུག་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གསརཔ་ སྐལ་བཟང་དབང་འདུས་དང་ གཞལམ་སྒང་རྫོང་བདག་ བློ་བཟང་རྡོ་རྗེ་དེ་ལས་ ཀྲོང་གསར་རྫོང་བདག་ བསྟན་འཛིན་རྡོ་རྗེ་དང་ རྩི་རང་རྫོང་བདག་པདྨ།

ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་དང་ རྫོང་བདག་གསུམ་ གསར་བསྐོས་གནང་ཡོདཔ།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་གསརཔ་གིས་གཙོས་པའི་ ཀྲོང་གསར་དང་ རྩི་རང་ གཞལམ་སྒང་རྫོང་ཁག་ཚུ་གི་ རྫོང་བདག་གསརཔ་ཚུ་ལུ་ དར་གནང་ཡོདཔ་ཨིན་པས།
ཕྱི་འབྲེལ་ལྷན་ཁག་ ཟུང་ཕྱོགས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ སྐལ་བཟང་དབང་འདུས་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་སྦེ་ བསྐོ་བཞག་གནང་ནུག།
འབྲུག་སློབ་གྲྭ་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེའི་དྲུང་ཆེན་ བསྟན་འཛིན་རྡོ་རྗེ་དེ་ ཀྲོང་གསར་རྫོང་བདག་སྦེ་ བསྐོ་བཞག་གནང་ཡོདཔ་མ་ཚད་ དགེ་ལེགས་ཕུག་ཁྲོམ་སྡེའི་ བཀོད་ཁྱབ་དྲུང་ཆེན་ པདྨ་དེ་ རྩི་རང་རྫོང་བདག་དང་ ལྷན་རྒྱས་གཞུང་ཚོགས་ཡིག་ཚང་གི་མདོ་ཆེན་ བློ་བཟང་རྡོ་རྗེ་དེ་ གཞལམ་སྒང་གི་ རྫོང་བདག་སྦེ་ བསྐོ་བཞག་གནང་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *