ལྷན་འཛིན་ཅིག་ དགོངས་ཞུ་འབད་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ལྷན་འཛིན་ ཀརྨ་དམ་ཆོས་དངོས་གྲུབ་ཀྱིས་ ལོ་༢ དང་ ཟླཝ་༨ ལྷགཔ་ཅིག་གི་རིང་ ཕྱག་ཞུ་བའི་ཤུལ་ལུ་ སྒེར་གྱི་གནད་དོན་ཐོག་ དགོངས་ཞུའི་ཡི་གུ་བཙུགས་མི་དང་འཁྲིལ་ སྤྱི་ཟླ་༤ པའི་ཚེས་༡༦ ལས་ དགོངས་ཞུའི་ངོས་ལེན་གྲུབ་ནུག།
འབྲུག་གི་ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༡༨ པ་དང་འཁྲིལཝ་ད་ ལྷན་ཚོགས་ཀྱི་ འཐུས་མི་ཅིག་གིས་ ཁྲི་འཛིན་བརྒྱུད་དེ་ ཉུང་ཤོས་ཉིན་གྲངས་སུམ་ཅུའི་ སྔ་གོང་ལས་ དགོངས་ཞུའི་བརྡ་འཕྲིན་བྱིན་ཏེ་ གནས་ཡུན་མ་ཚང་པའི་གོང་ལས་ དགོངས་ཞུ་འབད་ཆོགཔ་ཨིན་པའི་གནས་ཚུལ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *