ལྗིད་ཚད་འཐུ་ཐངས་ཀྱི་ སྦྱོང་བརྡར་འབད་མི་སྡེ་ཚན།

ལྗིད་ཚད་འཐུ་ནིའི་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ལྗིད་ཚད་འཐུ་ནི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་འཐོན་དོ་ཡོདཔ་ཨིན་པས།

ལྗིད་ཚད་འཐུ་ནིའི་ སློབ་སྟོན་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ ལེ་ཤ་འོང་ཐབས་ལུ་ གཙོ་བོ་ར་ ཕམ་ཚུ་ལས་ རྒྱབ་སྐྱོར་དང་ ན་གཞོན་ཚུ་གི་ སྤྲོ་བ་དགོ་པས་ཟེར་ཨིནམ་པས།

མ་གཞི་ ལྗོད་ཚད་འཐུ་ནིའི་ནང་ མང་ཤོས་སློབ་ཕྲུག་ཚུ་གིས་ སྤྲོ་བ་བསྐྱེད་དོ་ཡོད་རུང་ དཔེ་ཆ་ལྷབ་ནིའི་ དུས་ཚོད་ལུ་ བར་ཆད་རྐྱབ་མས་ཟེར་ ཕམ་ཚུ་གིས་ རྒྱབ་སྐྱོར་མི་འབད་བས་ཟེར་ སློབ་སྟོན་པ་གིས་ བཤདཔ་ཨིན་པས།

བསོད་ནམས་དོན་གྲུབ་ཀྱིས་འབད་བ་ཅིན་ ལྗིད་ཚད་འཐུ་ནི་དེ་ འབྲུག་ལུ་ རྩེད་རིགས་གསརཔ་ཅིག་ཨིནམ་ལས་ ཡར་རྒྱས་བཏང་མ་ཚུགས་པར་ཡོད་མིའི་གུ་ ནད་ཡམས་ཀྱིས་ ཧེང་སྐལ་ར་ བར་ཆད་རྐྱབ་ཅི་ཟེར་ཨིན་པས།

ལྗིད་ཚད་འཐུ་ནི་དེ་ གཞི་བཙུགས་འབད་བའི་སྐབས་ བཅའ་མར་གཏོགས་མི་༡༢ དེ་ཅིག་ཡོད་རུང་ དུས་ཡུན་གངམ་མ་འགྱོཝ་ལས་ར་ བཅའ་མར་གཏོགས་མི་ཅིག་གིས་ ནེ་པཱལ་རྒྱལ་ཁབ་ནང་ འགྲན་བསྡུར་འབད་དེ་ ལིའི་རྟགས་མ་ཅིག་ཡང་ ཐོབ་སྟེ་ཡོད་ཟེར་ཨིན་པས།

བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ སྦྱོང་བརྡར་དེ་ རིན་མེད་སྟོང་པར་བྱིན་རུང་ བཅའ་མར་གཏོགས་པ་ཚུ་ སློབ་ཕྲུག་འབདཝ་ལས་ དུས་ཚོད་མི་ཐོབ་པས་ཟེར་ཨིནམ་ད་ ལ་ལོ་ཅིག་ དང་འདོད་ཡོད་རུང་ ལམ་ཐག་རིང་ས་ལས་ འོང་དགོ་ནི་དེ་གིས་ དཀའ་ངལ་འདུག་ཟེར་ བཤདཔ་ཨིན་པས།

སྤྱིར་བཏང་ ལྗིད་ཚད་འཐུ་ནི་དེ་ གཟུགས་ཀྱི་སྟོབས་ཤུགས་དང་ ཐབས་ཤེས་གཉིས་ལུ་ རག་ལས་དོ་ཡོདཔ་ལས་ འབད་མ་ཚུགསཔ་མེད་ཟེར་ཨིན་པས།

བཅའ་མར་གཏོགས་མི་༡ སེམས་རྟོགས་ཁ་སེམས་དོན་རིག་པའི་སྤེལ་ཁང་གི་སློབ་ཕྲུག་  སྐྱེས་ལོ་༢༤ ལང་མི་ བསྟན་འཛིན་དབང་འདུས་དེ་ཨིནམ་ད་ ཁོ་གིས་ ལྗིད་ཚད་འཐུ་ནིའི་ནང་ སྤྱི་ལོ་༢༠༡༩ ལས་ འགོ་བཙུགས་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ རྩེདམོ་དེ་ ཉེན་ཁ་ཅན་དང་ ལཱ་ཁག་ཡོད་རུང་ སྤྲོ་བ་བསྐྱེད་པ་ཅིན་ འབད་མ་ཚུགསཔ་མེདཔ་ལས་ མ་འོངས་པར་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྲན་བསྡུར་འབད་བའི་སྐབས་ བཅའ་མར་གཏོགས་ཐོག་ལས་ རྒྱལ་ཁབ་ནང་  རྟགས་མ་འབག་འོང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་ར་ སློབ་ཕྲུག་འབདཝ་ལས་ སྦྱང་བ་འབད་བར་ འགྱོ་ནི་གི་ དུས་ཚོད་བཏོན་མ་ཚུགས་པའི་ དཀའ་ངལ་དུམ་གྲ་རེ་བྱུང་རུང་ སློབ་སྟོན་གྱི་ དུས་ཚོད་རྫོགས་པའི་ཤུལ་ལུ་ ལྗིག་ཚད་འཐུའགྱོ་དོ་ཟེར་ཨིན་པས།

སློབ་སྟོན་པ་གིས་ སླབ་མིའི་ནང་ ཡིག་ཚང་དེ་ ད་ལྟོ་ མཐུན་ཚེོགས་ཅིག་འབདཝ་ལས་  མ་དངུལ་འབོར་ཆེ་ཏོག་ཏོ་ ཐོབ་མ་ཚུགས་མི་ལུ་རྟེན་ བཅའ་མར་གཏོགས་མི་ཚུ་ལུ་ སྦྱོང་བརྡར་རྐྱངམ་གཅིག་ བྱིན་དོ་ཟེར་ཨིན་པས།

སྦྱོང་བརྡར་དེ་ ད་ལྟོ་ ཐིམ་ཕུག་ལུ་རྐྱངམ་གཅིག་ བྱིན་དོ་ཡོདཔ་ལས་ མ་འོངས་པ་ལུ་ རྫོང་ཁག་གཞན་ཚུ་ནང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ བཤདཔ་ཨིན་པས།

དུས་ཅི་ སྦྱོང་བརྡར་འབད་མི་༡༥ དེ་ཅིག་ཡོད་མི་ལས་༥ ཨམ་སྲུ་ཨིན་པའི་གནས་ཚུལ།

ལས་སྐྱིད་ཚེ་རིང།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *