ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྕང་ཇི་ཇི་ལུ་ གསེར་བཞེངས་བསྒྲུབས་པའི་ ཐུབ་བསྟན་འགྲོ་འདུལ་གླིང་ལྷ་ཁང་གི་ བཀྲ་ཤིས་རབ་གནས་ མ་མཛད་པའི་ཧེ་མར་ མར་ཆང་རྟེན་འབྲེལ་ བརྩི་སྲུང་འབད་བའི་བསྒང་།

ལྕང་ཇི་ཇི་ལྷ་ཁང་གིས་ མི་སེར་༥,༠༠༠ ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ནི།

༉ ད་ལས་ཕར་ ཐིམ་ཕུག་ལྕང་ཇི་ཇི་དང་ ཉེ་འདབས་ཀྱི་ ས་ཁོངས་ཚུ་ནང་སྡོད་མི་ མི་སེར་༥,༠༠༠ དེ་ཅིག་གིས་ གསོན་པོའི་རིམ་གྲོ་དང་ གཤིན་པོའི་དགེ་རྩ་བསྒྲུབ་ནི་ལ་སོགས་པའི་ ཆོས་ཕྱོགས་ལས་རིམ་ག་ཅི་ར་ འགོ་འདྲེན་འཐབ་རུང་ བྱ་སྟབས་བདེ་ཏོག་ཏོ་ འབྱུང་ནི་ཨིན་པས།
དེ་ཡང་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་གི་དོན་ལུ་ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ལྕང་ཇི་ཇི་ལུ་ གསེར་བཞེངས་བསྒྲུབས་མི་ ཐུབ་བསྟན་འགྲོ་འདུལ་གླིང་ལྷ་ཁང་ལུ་ བཀྲ་ཤིས་རབ་གནས་མཛད་གནང་ཡི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་མི་དང་བསྟུན་ ལྷ་ཁང་དེ་ གཞུང་གི་མ་དངུལ་རྒྱབ་སྐྱོར་ཐོག་ལུ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ བཞེངས་ཡོདཔ་ད་ དུས་ཡུན་ལོ་ངོ་༢ ཀྱི་ ནང་འཁོད་ལུ་བསྒྲུབས་མི་ ཐུབ་བསྟན་འགྲོ་འདུལ་གླིང་ལྷ་ཁང་ནང་ ནང་རྟེན་དང་ ལྡེབས་རིས་ ས་ཁོངས་གོང་འཕེལ་ལ་སོགས་པའི་ བཟོ་སྐྲུན་ཚུ་ནང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༤.༤༠ དེ་ཅིག་ གནས་ཡོདཔ་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལས་ཕར་ ལྷ་ཁང་ནང་ ས་གནས་ཀྱི་ མི་སྡེ་ཚུ་གིས་ ཆོས་ཕྱོགས་ལས་རིམ་ ག་ཅི་ར་ཨིན་རུང་ འགོ་འདྲེན་འཐབ་ཚུགས་ཟེར་ཨིན་པས།
སྐྱབས་རྗེ་རྗེ་མཁན་མཆོག་གིས་ རབ་གནས་གནངམ་དང་འབྲེལ་ གཞུང་དགེ་འདུན་གྲྭ་ཚང་ལས་ དབང་ཕྱུག་དེ་ ལྷ་ཁང་དེ་གི་བླམ་སྦེ་ བསྐོ་བཞག་གནང་ཡོདཔ་མ་ཚད་ ལྷ་ཁང་འཛིན་སྐྱོང་འཐབ་མི་ ཚོགས་ཆུང་གི་ འཐུས་མི་ཚུ་ཡང་ བསྐོ་བཞག་གནང་ཡི་ཟེར་ བཀོད་ཁྱབ་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
དེ་གི་ཤུལ་ལས་ སྐྱབས་རྗེ་མཆོག་གིས་ མི་མང་ལུ་ ཚེ་དབང་གནང་ཡོད་པའི་གནས་ཚུལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *