༉ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ སྤྱི་དོན་ཁང་ནང་སྦེ་ ཉིན་གྲངས་༢ ཀྱི་རིང་ རྫོང་ཁག་ནང་འཁོད་ཀྱི་ སློབ་གྲྭ་ཁག་ཚུ་གི་བར་ན་ ཊའེ་ཀཱོན་ཌོ་རྩེད་འགྲན་ འགོ་འདྲེན་འཐབ་མིའི་ནང་ ལྕགས་སི་མཁར་སློབ་གྲྭ་ལྟེ་བ་གིས་ ཨང་དང་པ་ཐོན་ཡི།
རྩེད་འགྲན་ནང་ ཡ་ལྡི་སློབ་གྲྭ་ལྟེ་བ་དང་ ལྕགས་སི་མཁར་སློབ་གྲྭ་ལྟེ་བ་ དགྲ་མེད་རྩེ་སློབ་གྲྭ་ལྟེ་བ་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བ་ སྐྱིད་བདེ་མཁར་སློབ་གྲྭ་ལྟེ་བ་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མ་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་ རི་ད་ཟ་སློབ་གྲྭ་ཆུང་བ་ དེ་ལས་ ཤེས་རབ་རལ་གྲི་སློབ་གྲྭ་ལྟེ་བའི་བུཚ་དང་ བུམོ་ཚུ་གིས་ བཅའ་མར་གཏོགས་ཅི།
སློབ་གྲྭ་༩ གི་བར་ན་ རྩེད་འགྲན་འབད་མིའི་ནང་ བུམོ་༡༤༤ དང་ བུཚ་༡༤༤ གིས་ བཅའ་བར་གཏོགས་ནུག།
སློབ་ཕྲུག་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ རྩེད་འགྲན་ལུ་བརྟེན་ གཟུགས་ཁམས་སྒྲིང་སྒྲི་སྦེ་ བཞག་ནི་ལུ་ ཕན་ཐོགས་འབྱུང་ཚུགས་པས་ཟེར་ཨིན་པས།
མོང་སྒར་ལས་ ཊའེ་ཀཱོན་ཌོ་རྩེད་འགྲན་འགོ་འདྲེན་འཐབ་མི་ འཆི་མེད་ཚེ་དབང་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ བཅའ་མར་གཏོགས་མི་ སློབ་ཕྲུག་ཚུ་གི་ གྱངས་ཁ་ཡར་སེང་འགྱོ་བའི་ཁར་ ལྕོགས་གྲུབ་དང་ རིག་རྩལ་ཚུ་ཡང་ ཡར་དྲག་སོང་ནུག་ཟེར་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།