ཧི་མ་ལ་ཡཱན་མདའ་རྩེདཔ་ཅིག་གིས་ ཚ་གཏད་པའི་བསྒང་།

ལུང་ཕྱོགས་༥ གི་ མདའ་རྩེདཔ་ཚུ་ལས་ ཨེསི་སི་ལེཊ་ ཧི་མ་ལ་ཡཱན་ ག་ཡེཌསི་གིས་རྒྱལ་ཁ།

༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ ཕྱི་རྒྱལ་མདའ་གཞུའི་ཐོག་ལུ་ འབྲུག་ལིག་ཟེར་མི་ མདའ་རྩེད་ཀྱི་ མཐའ་བཅད་འགྲན་བསྡུར་ནང་ ཨེསི་སི་ལེཊ་ ཧི་མ་ལ་ཡཱན་ ག་ཡེཌསི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
དེ་ཡང་ ཐིམ་ཕུག་ལུང་ཕྱོགས་ཀྱི་ ཨེསི་སི་ལེཊ་ ཧི་མ་ལ་ཡཱན་ ག་ཡེཌསི་དང་ ལུང་རྟ་དར་བ་ཤོག་ དེ་ལས་ ཕུན་ཚོགས་གླིང་ལུང་ཕྱོགས་ལས་ གནམ་ལྕགས་སྡེ་ཚན་༣ གྱི་བར་ན་ འགྲན་བསྡུར་འབད་ཡི།
འབྲུག་ལིག་གི་ ལམ་ལུགས་དེ་ སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབད་བའི་སྐབས་ སྐོར་ཐེངས་༡༥ པའི་ནང་ སྐུགས་མཐོ་ཤོས་ ཆོད་མི་དེ་གིས་ རྒྱལ་ཁ་ཐོབ་མ་ཚད་ སྐུགས་ཡང་༧ ལུ་ ཆོད་ཡོདཔ་ཨིན་པས།
དེ་འབདཝ་ལས་ སྐོར་ཐེངས་༥ གི་ ནང་འཁོད་ལུ་ ཨེསི་སི་ལེཊ་ ག་ཡེཌསི་གིས་ སྐུགས་༢ ཆོད་པའི་ཤུལ་ལས་ གནམ་ལྕགས་སྡེ་ཚན་གྱིས་ སྐུགས་༡ ཆོད་པའི་སྐབས་ སྡེ་ཚན་གཞན་མི་དེ་གིས་ སྐུགས་༡ ཡང་ཐོབ་མ་ཚུགས།
དེ་ལས་ ཉིན་ལྟོའི་བར་མཚམས་ལས་ ལོག་རྩེད་འགྲན་འབདཝ་ད་ ཨེས་སི་ལེཊ་ ག་ཡེཌསི་གིས་ སྐུགས་༢ ཆོད་དཔ་ལས་རྒྱལ་ཁ་ཐོབ་ཡོདཔ་ད་ སྡེ་ཚན་དེ་གིས་ བཀག་རེ་བསྡོམས་༦༦ དང་ གནམ་ལྕགས་ཀྱིས བཀག་རེག་༥༢ དེ་ལས་ ལུང་རྟ་དར་བ་ཤོག་གིས་ བཀག་རེག་༤༨ ཕོག་ནུག།
འགོ་འདྲེན་པ་ བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ རྩི་རང་ལུང་ཕྱོགས་དང་ ཆུ་ཁ་ ཕུན་ཚོགས་གླིང་ ཀྲོང་གསར་ དེ་ལས་ ཐིམ་ཕུག་བརྩིས་ཏེ་ ལུང་ཕྱོགས་༥ ནང་ འགོ་འདྲེན་འཐབ་པའི་སྐབས་ སྡེ་ཚན་༦༦ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ འགྲན་བསྡུར་ནང་ སྡེ་ཚན་ལེ་ཤ་གིས་ བཅའ་མར་གཏོགས་ཚུགས་པའི་ རེ་བ་བསྐྱེད་ཡོད་རུང་ ཤར་ཕྱོགས་ལུང་ཕྱོགས་ནང་ མི་ཚུ་ལུ་ རྩེད་འགྲན་དེ་གི་སྐོར་ལས་ ཤེས་རྟོགས་བྱུང་མ་ཚུགས་པའི་ཁར་ ཆར་ཆུ་གིས་ གཞུང་ལམ་ཚུ་ བསུབས་མི་ལུ་བརྟེན་ བཅའ་མར་གཏོགས་མ་ཚུགས་པས་ཟེར་ཨིན་པས།
ལུང་ཕྱོགས་ནང་ འགྲན་བསྡུར་འབད་བའི་སྐབས་ སྐུགས་མཐོ་ཤོས་ཐོབ་མི་ སྡེ་ཚན་༢༧ གྱིས་ མཐའ་བཅད་ཀྱི་དོན་ལུ་ ཐིམ་ཕུག་ལུ་ འོང་ཡོདཔ་ད་ འགྲན་བསྡུར་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢༡ ལས་ འགོ་བཙུགས་ཏེ་ ཟླཝ་༡ གི་རིང་ལུ་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *