ལུང་ནག་ནང་གི་ ཚོགས་རྒྱན་ས་ཁོངས་༡༡ ནང་ འགོ་དཔོན་༤༧ བགོ་བཀྲམ་འབད་ཡོདཔ།

༉ ཁ་ཙ་ མགར་ས་རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ཅིག་ཨིན་མི་ ལུང་ནག་ནང་ ར་ཀ་གཤོང་ཚོགས་རྒྱན་ས་ཁོངས་ཀྱི་ འགོ་དཔོན་ཚུ་ སྤྱིར་བཏང་བཙག་འཐུའི་ ཉིནམ་༡ གི་ཧེ་མར་ ཚོགས་རྒྱན་ས་ཁོངས་ནང་ ལྷོད་ཚུགས་མི་དེ་ སྡེ་ཚན་ཚུ་གི་གྲས་ལས་ མཇུག་ཨིན་པས།

འགོ་དཔོན་ཚུ་གིས་ ཉིན་གྲངས་༢ ཀྱི་རིང་ རྫོང་ཁག་ལས་ རྐང་སྟོང་སྦེ་ འགྱོ་བའི་ཤུལ་ལུ་ ས་ཁོངས་ནང་ ལྷོད་ཡོདཔ་ད་ ཚོགས་རྒྱན་ས་ཁོངས་དེ་ དུས་ཚོད་ད་རེས་ ནོར་དང་གཅིག་ཁར་ ར་མི་ནང་སྤྱི་འོག་གི་མི་ཚུ་ ར་ཀ་གཤོང་ལུ་ སྡོད་མི་ཚུ་གི་དོན་ལུ་ཨིན་པས།

དེ་ཁའི་མི་ཚུ་གིས་ གནམ་བྱཱར་ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་སྐབས་ ར་མི་ནང་ལུ་ ཚོགས་རྒྱན་བཙུགས་ཡོདཔ་བཞིན་དུ་ སྤྱི་འོག་དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༦༠ ལྷགཔ་ཅིག་ ཡོདཔ་ཨིན་པས།

ཚོགས་རྒྱན་ས་ཁོངས་དེ་གིས་ དབུས་སུ་ནང་ལས་ ལུང་ནག་ནང་ལུ་ ཁྱིམ་གུང་པ་༢༠ ལྷགཔ་ཅིག་ཡོད་མི་ ཏི་རུ་སྤྲོད་ཐོག་ལས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་རྐྱངམ་གཅིག་ གོ་སྐབས་བྱིནམ་ཨིན་པས།

རྒྱལ་ཁབ་ནང་ ཚོགས་རྒྱན་བཙུགས་མི་ ཉུང་ཤོས་ཨིན་རུང་ རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ སྤྱི་ཟླ་༡༠ པའི་ཚེས་༨ ལས་ བགོ་བཀྲམ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ཚེས་༡༠ ལུ་ མཇུག་བསྡུ་ཡོདཔ་ད་ རྫོང་ཁག་གི་ འདེམས་ཁོངས་༢ ནང་ ཚོགས་རྒྱན་ས་ཁོངས་༡༡ ཡོད་མི་དེ་ ཉུང་ཤོས་ཅིག་ཨིན་པས།

མགར་ས་ལུ་ རྒེད་འོག་༤ ཡོད་མིའི་གྲས་ལས་ ཁ་སྟོད་དང་ ཁ་སྨད་རྒེད་འོག་༢ རྐྱངམ་གཅིག་ འཁོར་ལམ་གྱི་ མཐུད་སྦྲེལ་འབད་ཡོདཔ་ད་ རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་མཐོ་ཤོས་ ལུང་ནག་ནང་དང་ ལ་ཡ་ལུ་ ཐོ་བཀོད་འབད་ཡོད་རུང་ ས་ཁ་མཐོ་ཚད་མི་ཊར་༣,༤༠༠ ལྷགཔ་ཅིག་ནང་ ཆགས་ཡོད་མི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ལྷོད་ནིའི་དོན་ལུ་ ཉུང་ཤོས་ཉིནམ་༡ རྐང་སྟོང་སྦེ་ འགྱོ་དགོཔ་ཨིན་པས།

ཁ་སྟོད་-ལ་ཡ་འདེམས་ཁོངས་འོག་གི་ ལ་ཡ་རྒེད་འོག་ནང་ ཚོགས་རྒྱན་ས་ཁོངས་༢ ཡོདཔ་བཞིན་དུ་ དེ་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༧༠༠ གིས་ ཐོ་བཀོད་འབད་ཡོདཔ་ད་ ཁ་སྨད་-ལུང་ནག་ནང་འདེམས་ཁོངས་༤ གི་དོན་ལུ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༥༠༠ ལྷགཔ་ཅིག་ ཡོདཔ་ཨིན་པས།

བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་ནང་གི་ ཚོགས་རྒྱན་ས་ཁོངས་དག་པ་ཅིག་ནང་ ལྷོད་ནི་ལུ་ གདོང་ལེན་འདུག་ཟེར་ཨིནམ་ད་ རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ ཚོགས་རྒྱན་འགོ་དཔོན་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་ལུ་ ཟད་འགྲོ་སྦོམ་བཏང་དོ་ཡོདཔ་མ་ཚད་ ལ་ཡ་དང་ ལུང་ནག་ནང་གི་ ཚོགས་རྒྱན་ས་ཁོངས་ཀྱི་ འགོ་དཔོན་ཚུ་ རྐང་སྟོང་སྦེ་ འགྱོ་དགོ་དོ་ཡོདཔ་ཨིན་པས།

བཙག་འཐུ་ཡིག་ཚང་གིས་ འགྲེམ་སྟོན་ཚོགས་རྒྱན་ཚུ་ བསྡུ་ལེན་འབད་དེ་ ད་རིས་ ཕྱི་རུའི་ཆུ་ཚོད་༥ ལུ་ གྲངས་རྩིས་ལྟེ་བའི་ནང་ ལྷོད་ནི་ལུ་ སྒུག་དོ་ཡོདཔ་ད་ ཁ་ཙ་ཚུན་ འགྲེམ་ཐོག་ཚོགས་རྒྱན་༢༢༠ ལྷགཔ་ཅིག་ ཐོབ་ཡོདཔ་བཞིན་དུ་ དམག་སྡེ་དང་ ཕྱི་རྒྱལ་གྱི་ ཚོགས་རྒྱན་བཙུགས་མི་ཚུ་གི་ ཚོགས་རྒྱན་མ་བརྩིས་བར་ ཚོགས་རྒྱན་༢༠ དེ་ཅིག་ ལྷོད་པའི་བསྒང་ཡོདཔ་ཨིན་པས།

རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ ཚོགས་རྒྱན་ས་ཁོངས་༡༡ ནང་ ཚོགས་རྒྱན་འགོ་དཔོན་༤༧ བགོ་བཀྲམ་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *